རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས།

བཙན་བྱོལ་བོད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ཚན་པའི་འགན་འཛིན་གྱིས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ཐོག་གསུང་བཤད།

2009.06.17

༄༅༎བཙན་བྱོལ་བོད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ཚན་པའི་འགན་འཛིན་གྱིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོང་ཁྱེར་པཱ་ལམ་པུར་ནང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ཐོག་བོད་ནང་གནམ་གཤིས་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པའི་གནས་བབ་ཀྱི་སྐོར་གནས་ལུགས་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད་འདུག

ལྷན་ཚོགས་འདི་ནི་འཛམ་གླིང་ཁོར་ཡུག་གི་ཐེབས་རྩས་གཙོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཅིག་གིས་གོ་བསྒྲིགས་ཞུས་པ་ཞིག་ཡིན་པ་དང་འདི་ཚེས་བཅུ་གཉིས་ནས་བཅུ་བཞི་བར་གྱི་ཉིན་གསུམ་གྱི་རྒྱལ་སྤྱིའི་ལྷན་ཚོགས་དེར་ཚན་རིག་པ་དང་བཟོ་གྲྭ་ཁག་གི་སྐུ་ཚབ།སྲིད་ཞུའི་ལས་བྱེད།གཞན་ཡང་སྤྱི་ཚོགས་ཀྱི་ལས་འཁུར་བུའི་གཙོས་མི་གྲངས་མང་པོ་ཞིག་ཕེབས་ཡོད་པ་དང་ལྷན་ཚོགས་ཀྱི་ཐོག་བཙན་བྱོལ་བོད་གཞུང་ཕྱི་འབྲེལ་ལས་ཁུངས་ཀྱི་ཁྱབ་ཁོངས་ཁོར་ཡུག་དང་འཛུགས་བསྐྲུན་ཚབ་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་བོད་ནང་གནམ་གཤིས་འགྱུར་ལྡོག་གི་སྐོར་ཉམས་ཞིབ་གནང་བའི་སྙན་ཐོ་ཞིག་འགྲེམས་སྤེལ་གྱིས་བོད་ནང་གནམ་གཤིས་འགྱུར་ལྡོག་ཤུགས་ཆེ་འགྲོ་བཞིན་པའི་གནས་བབ་ཀྱི་སྐོར་གསུང་བཤད་གནང་ཡོད་འདུག

དེ་ཡང་བསྟན་འཛིན་ནོར་བུ་ལགས་ཀྱིས་བཙན་བྱོལ་བོད་གཞུང་གི་དྲ་རྒྱར་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་ཐོག་བོད་དང་བོད་ནང་ཉམས་ཉེས་འགྲོ་བཞིན་པའི་ཁོར་ཡུག་གི་གནས་བབ་ཀྱི་ངོ་སྤྲོད་བྱ་རྒྱུའི་གོ་སྐབས་ཡག་པོ་ཞིག་བྱུང་ཞེས་དགོངས་ཚུལ་གསུངས་ཡོད་པ་དང་ཁོང་ལ་ལྷན་ཚོགས་གོ་སྒྲིག་གནང་མཁན་ནས་བོད་ནང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་སྙན་ཐོ་དེ་བཞིན་འབྲེལ་ཡོད་ལྷན་ཚོགས་གཞན་ཁག་གི་ཐོག་ཏུའང་འགྲེམས་སྤེལ་གནང་རྒྱུར་མགྲོན་ཤོག་ཕུལ་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་བོད་གནས་དྲ་རྒྱས་གནས་ཚུལ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎