རྐང་འཁོར་མགྱོགས་འགྲན་པ་ཨང་དང་པོ་ཐོབ་མཁན་སྐོར།
2011.07.25
༄༅༎རེས་གཟའ་སྤེན་པའི་ཉིན་Tour de Franceཞེས་པའི་རྐང་འཁོར་མགྱོགས་འགྲན་ནང་ཨང་དང་པོ་ཐོབ་མཁན་ཨོ་སི་ཀྲོ་ལི་ཡའི་རྐང་འཁོར་བ་ཀ་ཌེལ་ཨེ་ལྦེན་སི་ནི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པ་རེད།
དེ་སྔོན་༢༠༠༨ལོར་Tour de France རྐང་འཁོར་འགྲན་བསྡུར་སྐབས་སུ། ཨེ་ལྦེན་སི་ཡིས་བོད་ལ་རྒྱབ་སྐྱོར་མཚོན་པའི་སྟོད་ཐུང་གསེར་པོ་ཞིག་གྱོན་གནང་ཡོད་པ་དང༌། སྐབས་དེར་ཁོང་གིས་བོད་དོན་འཐབ་རྩོད་སྐོར་འཛམ་གླིང་མི་མང་གི་གོ་རྟོགས་སྤེལ་ཡག་དེ་ཁོང་ལྟ་བུའི་མི་སྣ་ཞིག་གིས་གནང་ཐུབ་རྒྱུ་ཡིན་པ་དང༌། བོད་མི་ཚོའི་ཐད་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་ཏེ། ཨོསི་ཏྲེ་རི་ལི་ཡའི་ནང་གི་གདོད་མའི་མི་རིགས་ཚོར་བྱུང་བའི་གནས་ཚུལ་དེ་རིག་གཞུང་གཞན་པ་ཞིག་ལ་བསྐྱར་དུ་ཡོང་བ་ཁོང་གིས་མཐོང་འདོད་མི་འདུག་ཅེས་གསུངས་ཡོད་པ་རེད།
དེ་སྔོན་ཡིན་ན་འཛམ་གླིང་གི་རྐང་འཁོར་འགྲན་བསྡུར་ཆེ་ཤོས་ཚང་མའི་ནང་ཁོང་དང་པོ་དང་ཧ་ཅང་ཉེ་པོ་སླེབས་ཀྱི་ཡོད་ནའང༌། དངོས་སུ་ཨང་དང་པོ་ཐོབ་རྒྱུར་འགོག་རྐྱེན་ཐེངས་འགའ་ཤས་ཤིག་ཕྲད་གནང་བའི་རྗེས། ༢༠༠༩ལོར་ཨོསི་ཏྲེ་རི་ལི་ཡའི་འཛམ་གླིང་རྐང་འཁོང་འགྲན་བསྡུར་ནང་ཨང་དང་པོ་ཐོབ་གནང་ཡོད་པ་དང༌། ད་རེས་ཉེ་ཆར་རེས་གཟའ་སྤེན་པའི་ཉིན་Tour de France རྐང་འཁོར་འགྲན་བསྡུར་ནང་ཨང་དང་པོའི་རྒྱལ་ཁ་ལོན་གནང་ཡོད་པ་རེད།