ཁ་མཆུ་ཨང་༢༠ པའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་ཚེས་༡༥ ཉིན་འཚོགས་རྒྱུ་ཡིན་འདུག


2019.06.14
ཁ་མཆུ་ཨང་༢༠ པའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་ཚེས་༡༥ ཉིན་འཚོགས་རྒྱུ་ཡིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འདི་ཚེས་༡༥ ཉིན་ཁ་མཆུ་ཨང་༢༠ པའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་གནང་རྒྱུའི་གསལ་བསྒྲགས་སྤེལ་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་།

༄༅།།ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཟླ་༦ཚེས་༡༤ ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འདི་ཚེས་༡༥་ཉིན་གྱི་ཉིན་རྒྱབ་ཚོུད་༢།༣༠་ཐོག་སྤྱི་མང་གཏུགས་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་༤༠ གཞིར་བཟུང་ཁ་མཆུ་ཨང་༢༠ པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བརྒྱུད་བཀའ་ཤག་གིས་ཁོང་ལ་མ་ཉེས་ཁ་གཡོག་བྱས་པའི་གྱོད་གཞི་བཙུགས་ཡོད་པའི་ཁ་མཆུ་དེའི་གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་གནང་རྒྱུ་ཡིན་པ་གསལ་འདུག

དེ་སྔོན་ཕྱི་ཟླ་དྲུག་པའི་ཚེས་༥་ཉིན་ཉན་ཞིབ་ཐོག་མ་གནད་དོན་གསལ་བཟོའི་ཉན་ཞིབ་སྐབས།  རྩོད་ལེན་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་སླར་ཡང་དུས་ཚོད་ཟླ་བ་གསུམ་ཕར་འགྱངས་ཡོང་བ་ཞུས་ཡོད་པ་དེར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ངོས་ལེན་མ་གནང་བ་ཞིག་ཆགས་ཡོད་སྟབས། འདི་ག་རླུང་འཕྲིན་ཁང་གིས་རྩོད་ལེན་པའི་ཁྲིམས་རྩོད་པར་དེའི་ཐོག་བསམ་ཚུལ་ག་རེ་ཡོད་མེད་འབྲེལ་བ་ཞུས་པར་ཁོང་གིས་གང་ཡང་བརྗོད་ཡག་མེད་ཅེས་གསུངས་གནང་བྱུང་། ཕྱོགས་མཚུངས་ཞུ་སྦྱོར་བའི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ནས་ཀྱང་དུས་ཚོད་ཕར་འགྱངས་མ་གནང་བའི་ཐད་གང་ཡང་གསུངས་ཡག་མེད་ཅེས་བརྗོད་གནང་གི་འདུག

ཕྱོགས་གཉིས་ཀྱི་རྩོད་གཞི་ག་རེ་ཡིན་མིན་རེ་རེ་བཞིན་གཏན་འབེབས་གནང་རྒྱུ་དེ་ཡིན་པ་དང་། གནད་དོན་གཏན་འབེབས་ཟིན་པའི་རྗེས་ཞིབ་དཔྱོད་དང་དེ་ནས་མཐའ་མ་དཔྱད་ཁྲ་གཏོང་གནང་རྒྱུ་དེ་ཡིན་པ་རེད།

གནད་དོན་གཏན་འབེབས་ཀྱི་ཉན་ཞིབ་ནི་གྱོད་ཡ་གང་ཞིག་གིས་ཁྲིམས་དོན་ནམ་དངོས་དོན་གྱི་ཐོག་ནས་གནད་ཆེའི་འདོད་ཚུལ་སྒྲུབ་བྱེད་བཏོན་པ་དང་། དེར་ཁ་གཏད་གྱོད་ཡས་ངོས་ལེན་མ་བྱས་པ་ཡིན་ན་དེ་གནད་དོན་ཆགས་ཀྱི་ཡོད་པ་དང་། ཡང་ན་ཁ་མཆུ་དེར་ཞུ་རྩོད་བྱ་རྒྱུའི་ཐོབ་ཐང་ཡོད་པ་འདོན་ཆེད་དམ། ཡང་ན་རྩོད་ལེན་པས་དེར་གདོང་ལེན་ནམ་རང་ཉིད་སྲུང་སྐྱོབ་ཆེད་འདོད་ཚུལ་སྒྲུབ་བྱེད་བཏོན་པ་ཞིག་ངེས་པར་ཡིན་དགོས་པ། སྒྲུབ་བྱེད་རེ་རེར་གྱོད་ཡ་ཕྱོགས་གཅིག་ནས་ཡིན་པར་འདོད་པ་དང་། གྱོད་ཡ་ཕྱོགས་གཞན་དེས་མ་ཡིན་པར་འདོད་པས་ན་མ་འགྲིགས་པའི་གནད་དོན་གྱི་གླིང་གཞི་དེ་ཆགས་རྒྱུ་ཡིན་པ།
མདོ་དོན་ཕྱོགས་གཉིས་ཀྱི་རྩོད་གཞི་ག་རེ་ཡིན་མིན་རེ་རེ་བཞིན་གཏན་འབེབས་གནང་རྒྱུ་དེ་གནད་དོན་གཏན་འབེབས་ཡིན་པ་རེད་འདུག གནད་དོན་གཏན་འབེབས་ཟིན་པའི་རྗེས་ཞིབ་དཔྱོད་དང་དེ་ནས་མཐའ་མ་དཔྱད་ཁྲ་གཏོང་གནང་རྒྱུ་དེ་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎