སྲིད་སྐྱོང་མཆོག་ནས་མེག་སི་ཀོ་རུ་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐོག་གསུང་བཤད་གནང་བ།


2017.09.04
སྲིད་སྐྱོང་མཆོག་ནས་མེག་སི་ཀོ་རུ་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐོག་གསུང་བཤད་གནང་བ། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མེཀ་སི་ཀོའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཉིན་མཐའ་མའི་མཇུག་སྡོམ་གསུང་བཤད་གནང་བ།
དབུས་བོད་མིའི་སྒྲིག་འཛུགས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩་ཚེས་ ༡ ནས་ ༣  བར་ལྷོ་ཨ་མི་རི་ཀའི་མེག་སི་ཀོ་ Mexico རྒྱལ་ཁབ་ཏུ་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་ཞིག་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་ International Tibet Network གི་གོ་སྒྲིག་འོག མེག་སི་ཀོ་སི་ཊི་ Mexico City  ཞེས་པའི་གྲོང་ཁྱེར་ནང་དུ་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་རེད།
ཚོགས་ཆེན་དེའི་དགོས་པ་རྒྱུ་མཚན་གཙོ་བོ་ནི། རྒྱལ་སྤྱིའི་སྟེང་བོད་དོན་ལས་འགུལ་སྔར་ལས་ཚགས་ཚུད་དང་ནུས་པ་གོང་སྤེལ་ཇི་ལྟར་གཏོང་དགོས་མིན་ཐོག་གོ་བསྡུར་བྱ་རྒྱུ་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགུལ་སོགས་ནང་མཉམ་ཞུགས་ཀྱིས་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུའི་དགོངས་གཞི་ཡོད་པ་ཞིག་ཡིན་པ་རེད།
ལྷན་འཚོགས་དེའི་སར།    བྱང་ཨ་རི་དང་ཁེ་ན་ཌ། Canada ལྷོ་ཨ་མི་རི་ཀའི་གླིང་ཆེན་ནས་བྷྲཱ་ཛིལ་ Brazil དང་ཅིལ་ལི། Chile  མེག་སི་ཀོ་ Mexico བཅས་ནས་ཚོགས་བཅར་ཞུ་མཁན་མི་གྲངས་ ༤༣ མཉམ་ཞུགས་གནང་ཡོད་པ་རེད།    དེ་གར་བོད་ཁང་གི་འགན་འཛིན་སྐུ་ཞབས་ཊོ་ནི་ཀ་རམ་ Tony Karam  སོགས་ཀྱིས་གསུང་བཤད་གནང་། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཚོགས་ཆེན་ཉིན་མཐའ་མའི་ཕྱི་ཚེས་ ༣ ཉིན་མཇུག་སྡོམ་གཏམ་བཤད་སྤེལ་བ་མ་ཟད།  བཅར་འདྲི་གནང་མཁན་ཚོར་ལན་འདེབས་དང་གསལ་བཤད་སོགས་གནང་ཡོད་པ་རེད།
གཞན་ཡང་ཚོགས་ཆེན་ཐོག་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་ནང་བོད་དོན་ལས་འགུལ་གྱི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་ལས་འགུལ་སྤེལ་ཆེད་ལས་གཞི་བང་རིམ་སྒྲིག་པ་རྣམས་ངོ་སྤྲོད་གནང་བ་མ་ཟད།  ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་ཚན་པའི་ལས་བྱེད་བསོད་ནམས་བཟང་མོ་ལགས་ཀྱིས་དེ་སྔ་བྷེལ་
འཇམ་གྱི་རྒྱལ་ས་སྦར་སེལ་ནང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་ ༧ ལས་འཆར་ཐོག་མུ་མཐུད་ཐོག་ཕྱི་ལོ་ ༢༠༡༧ ལོ་འདི་བཞིན་བོད་མིའི་སྒྲིག་འཛུགས་ནས་བོད་དོན་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་བཞིན་པའི་སྐོར་སོགས་འགྲེལ་བརྗོད་གནང་ཡོད་པ་དང་དེ་བཞིན་འབྲེལ་ཡོད་ཚོས་གསུངས་གླེང་གནང་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།
གསར་འགོད་པ་བསྟན་འཛིན་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎