བོད་ཀྱི་ཆོས་སྡེ་ཁག་གི་དགེ་རྒན་རྣམས་ལ་ཟབ་སྦྱོང་སྐབས་གནའ་དེང་གི་ཤེས་ཡོན་ཟུང་སྦྲེལ་སློབ་ཁྲིད་བྱ་ཐབས་གལ་ཆེར་འཛིན་གནང་དགོས་པ་གསུངས་འདུག

2024.08.08
བོད་ཀྱི་ཆོས་སྡེ་ཁག་གི་དགེ་རྒན་རྣམས་ལ་ཟབ་སྦྱོང་སྐབས་གནའ་དེང་གི་ཤེས་ཡོན་ཟུང་སྦྲེལ་སློབ་ཁྲིད་བྱ་ཐབས་གལ་ཆེར་འཛིན་གནང་དགོས་པ་གསུངས་འདུག བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་བོད་ཀྱི་ཆོས་སྡེ་ཆེ་ཁག་གི་དགེ་རྒན་རྣམས་ལ་གཞི་རིམ་སློབ་ཁྲིད་གནང་སྟངས་ཀྱི་ཟབ་སྦྱོང་གནང་བཞིན་པ། ༠༨།༠༧།༢༠༢༤
CTA

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། ཕྱི་ཟླ་ ༨ ཚེས་ ༧ རེས་གཟའ་ལྷག་པའི་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱིས་བོད་ཀྱི་ཆོས་སྡེ་ཆེ་ཁག་གི་དགེ་རྒན་རྣམས་ལ་གཞི་རིམ་སློབ་ཁྲིད་གནང་སྟངས་སྐོར་གྱི་ཟབ་སྦྱོང་ཐེངས་གཉིས་པ་དེ་བཞིན་འགོ་འཛུགས་གནང་ཡོད་པ་དང་། ཟབ་སྦྱོང་དེ་བཞིན་ཟླ་ ༩ ཚེས་ ༢༠ བར། ཉིན་གྲྭངས་ ༤༠ རིང་གནང་གི་ཡོད་པ་རེད།
ཟབ་སྦྱོང་ནང་རྒྱ་གར་ལྷོ་ཕྱོགས་དང་། རྡ་རམ་ས་ལ་བཅས་སུ་ཡོད་པའི་བོད་ཀྱི་དགོན་སྡེ་ཁག་ ༡༡ ནས་ཕེབས་པའི་དགེ་རྒན་ ༡༦ མཉམ་ཞུགས་གནང་ཡོད་པ་དང་། ཁོང་རྣམ་པ་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ལམ་སྟོན་དང་། སློབ་གསོ་རིག་པ། ཕྲུ་གུའི་སེམས་ཁམས་ཤེས་ཡོན། སིའི་ཤེས་ཡོན། རྩོམ་རིག་དང་རྩོམ་རིག་གི་སློབ་ཁྲིད་ཐབས་ལམ་བཅས་ཀྱི་སྐོར་ལ་སྦྱོང་བརྡར་གནང་རྒྱུ་ཡིན་འདུག
ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས་དགོན་པ་ཁག་ནང་སྲོལ་རྒྱུན་གྱི་སློབ་ཁྲིད་གནང་ཕྱོགས་དང་དེང་དུས་ཀྱི་སློབ་ཁྲིད་ཐབས་ལམ་གཉིས་ཟུང་འབྲེལ་གྱིས་བེད་སྤྱོད་གནང་གལ་ཆེན་པོ་ཡིན་པའི་སྐོར་གསུང་བཤད་གནང་འདུག
ཟབ་སྦྱོང་འདི་བཞིན་དགོན་སྡེ་ཁག་གི་དགེ་རྒན་རྣམས་ལ་དེང་དུས་སློབ་ཁྲིད་གནང་སྟངས་ཀྱི་ཟབ་སྦྱོང་ཐོག་མ་ཆགས་ཀྱི་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎