ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འཆར་གཞི་གསར་པ།

བོད་མིའི་སྒྲིག་འཛུཊ་ཀྱི་ཤེས་རིག་ལས་ཁུངས་ནས་མཐོ་སློབ་ཀྱི་སློབ་ཡོན་འཆར་གཞི་གསར་པ་དེ་༧གོང་ས་མཆོག་དང་བཀའ་ཤག་སྐབས་༡༤པས་ཤེས་ཡོན་གལ་གནད་ཆེ་ཤོས་སུ་ངོས་འཛིན་གནང་ཡོད་པ་ཞིག་ཡིན་པ་རེད།

2012.11.21

དེ་ཡང་གནས་ཚུལ་ལྟར། ཤེས་ཡོན་ནི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་ཤུགས་གོང་སྤེལ་དང་རྒྱུན་གནས་ཐུབ་རྒྱུའི་མ་འཛུགས་ལྟ་བུ་ཡིན། འཆར་གཞི་གསར་པ་འདིའི་དམིགས་ཡུལ་སྤྱིར་སློབ་སྦྱོང་ཡར་རྒྱས་གཏོང་ཐབས་ཙམ་མིན་པར་འབྱུང་འགྱུར་མཁས་པ་དང་རིགས་གཅིག་རྐང་འཛིན་མང་ཙམ་བསྐྲུན་རྒྱུ། དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་འགོ་ཁྲིད་པ་དང་མི་ཆའི་ནུས་ཤུགས་དང་འཇོན་ཐང་གོང་འཕེལ་དུ་གཏོང་རྒྱུ་བཅས་ཡིན་པས་སློབ་ཡོན་འཆར་གཞི་གསར་པ་འདིས་ད་ཡོད་སློབ་ཡོན་གྲངས་འབོར་གྱི་བརྒྱ་ཆ་ ༥༠ ལྷག་སྤར་ཆ་ཞུས་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ནས་མ་འོངས་པར་སློབ་ཡོན་ཇེ་མང་དུ་གཏོང་ཐབས་བྱེད་རྒྱུ་བཅས་ཡིན་ཚུལ་བཤད་པ་ལྟར་འཆར་གཞི་གསར་བའི་ནང་།

༡། དགའ་ལྡན་ཕོ་བྲང་ལེགས་གསོལ་བྱ་དགའ/ ཤེས་རིག་ལས་ཁུངས་ནས་མཚན་སྙན་ཆེ་བའི་བྱ་དགའ་འདིའི་དངུལ་འབོར་དང་སློབ་ཕྲུག་ཁ་གྲངས་གཉིས་ཀར་སྤར་ཆ་གནང་ཡོད། ཁྱོན་བསྡོམས་སློབ་ཕྲུག་དགུ་ལ་བྱ་དགའ་གནང་རྒྱུ་སྟེ། ཚན་རིག རྒྱུ་རྩལ། ཚོང་རིག་བཅས་སྡེ་ཁག་གསུམ་སོ་སོའི་ཨང་དང་པོ། གཉིས་པ། གསུམ་པ་སོ་སོར་རིམ་བཞིན་སྒོར་ ༢༠༠༠༠།༠༠ སྒོར་ ༡༥༠༠༠།༠༠ སྒོར་ ༡༠༠༠༠།༠༠ རེ་གནང་རྒྱུ།

༢། སྲིད་སྐྱོང་སློབ་ཡོན། སློབ་ཡོན་གསར་པ་འདིའི་དགོས་དམིགས་སློབ་ཕྲུག་ཚོས་སློབ་སྦྱོང་ལ་བརྩོན་འགྲུས་གོང་སྤེལ་དང་རྒྱལ་ཡོངས་རྒྱུགས་སྤྲོད་སྐབས་གྲུབ་འབྲས་ལེགས་པ་ཡོང་བའི་ཆེད་དུ་ཡིན། འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་མཐའ་མའི་སྐབས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་མཁན་མཆིས་སོ་ཅོག་ལ་སྲིད་སྐྱོང་སློབ་ཡོན་ཧིན་སྒོར་ཆིག་འབུམ་རེ་གནང་རྒྱུ།

༣/ སྲིད་སྐྱོང་གཟེངས་བསྟོད། རིགས་གཅིག་རྐང་འཛིན་གྱི་ Ph. D བསླབ་པ་མཐར་སོན་རིགས་ལ་སྲིད་སྐྱོང་གཟེངས་བསྟོད་ལག་འཁྱེར་དང་ཧིན་སྒོར་ ཉི་ཁྲི་ རེ་གནང་རྒྱུ།

༤། མཐའ་མའི་རྒྱལ་ཡོངས་རྒྱུགས་སྤྲོད་ནང་བརྒྱ་ཆ་མཐོ་དམའ་ལ་མ་ལྟོས་པར་སློབ་ཡོན་ཐོབ་པའི་སློབ་ཕྲུག་ཚང་མར་སློབ་ཡོན་དངུལ་འབབ་གཅིག་མཚུངས་

གནང་བཞིན་ཡོད་ཀྱང་ད་དུང་འཆར་གཞི་གསར་པ་འདིའི་འོག་སློབ་ཕྲུག་ཚོར་རྒྱལ་ཡོངས་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཀྱི་བརྒྱ་ཆ་ལ་གཞིགས་ཏེ་ལོ་རེར་སློབ་ཡོན་སྒོར་ 35000-100000ཆིག་འབུམ་བར་གནང་རྒྱུ།

༥། ལེགས་གསོལ་བྱ་དགའ། མཐོ་རིམ་སློབ་སྦྱོང་ཆེད་ཤེས་རིག་ལས་ཁུངས་ནས་སློབ་ཡོན་ལེན་མུས་ཀྱི་སློབ་ཕྲུག་གང་ཞིག་ནས་སློབ་ཡུན་གྱི་ལོ་སོ་སོའི་ཡིག་རྒྱུགས་སྐབས་བརྒྱ་ཆ་ ༧༥ ཡན་ལོན་ན། རྒྱུན་ལྡན་སློབ་ཡོན་གྱི་ཐོག་ལེགས་གསོལ་སྒོར་ཁྲི་གཅིག་ར་གནང་རྒྱུ། ༦། ཉམ་ཐག་ཆེད་དམིགས་བསལ་སློབ་ཡོན། དབུས་བོད་མིའི་སྒྲིག་འཛུགས་ནས་ཁྱིམ་ཚང་ཉམ་ཐག་གི་བུ་ཕྲུག་མཐོ་རིམ་སློབ་སྦྱོང་མཐར་འཁྱོལ་ཡོང་ཐབས་ལ་རོགས་མགོན་གནང་རྒྱུ་དེའང་འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་རྒྱུགས་སྤྲོད་ནང་བརྒྱ་ཆ་ ༤༠ ལོན་པའི་ཉམ་ཐག་ཁོངས་གཏོགས་ཀྱི་སློབ་ཕྲུག་ཚོར་དམིགས་བསལ་སློབ་ཡོན་འདིའི་ཆེད་སྙན་འབུལ་གྱི་གོ་སྐབས་གནང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎