དྭགས་པོ་བསོད་ནམས་ནོར་བུ་ལགས་ཁྲིམས་ཞིབ་པ་ཆེ་བར་མང་མོས་འདེམས་ཐོན།


2019.09.23
དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། བསྟན་འཛིན་ལུང་རྟོགས་ལགས། དཔེ་ཟུར་དབང་འདུས་ཚེ་རིང་ལགས། ༢༠༡༩ དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། བསྟན་འཛིན་ལུང་རྟོགས་ལགས། དཔེ་ཟུར་དབང་འདུས་ཚེ་རིང་ལགས། ༢༠༡༩
RFA

སྤྱི་འཐུས་གྲོས་ཚོཊ་སུ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཁྲིམས་ཞིབ་པ་ཆེ་བ་དང་། དཔེ་ཟུར་དབང་འདུས་ཚེ་རིང་ལགས་འོས་བསྡུའི་འགན་འཛིན་དང་གཞུང་ཞབས་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་སུ་བདམས་སོང་།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་གསུམ་པ་སྟེ།  སྤྱི་ཟླ་༩་པའི་ཚེས་༢༣་ཉིན་གྱི་སྔ་དྲོར། གྲོས་ཚོགས་སུ་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཁྲིམས་ཞིབ་པ་ཆེ་བར་གྲོས་ཚོགས་སུ་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་དང་།  དྭགས་པོ་བསོད་ནམས་ནོར་བུ་ལགས་གཉིས་འོས་གཞིར་བཏོན་ཏེ་འོས་བསྡུ་བྱས་པར། དྭགས་པོ་བསོད་ནམས་ནོར་བུ་ལགས་ཁྲིམས་ཞིབ་པ་ཆེ་བ་ལ་འོས་འདེམས་བྱུང་ཡོད་པ་དང་། དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། མ་འོངས་པར་བཅའ་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ལྷག་བསམ་རྣམ་དག་གིས་ཞབས་ཕྱི་ཞུ་འདུན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དེ་མིན་ཁྲིམས་ཞིབ་པ་གཞན་ཞིག་ཏུ་ཚེ་དབང་དངོས་གྲུབ་ལགས་དང་བསྟན་འཛིན་ལུང་རྟོགས་ལགས་གཉིས་བཏོན་པ་ལས། ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འདེམས་ཐོན་བྱུང་སོང་བས། བསྟན་འཛིན་ལུང་རྟོགས་ལགས་ཀྱིས་ལས་ཀ་གང་ཡིན་ལ་མ་ལྟོས་པར། དྲང་པོ་དྲང་བཞག་དང་ཧུར་ཐག་འབད་ཐག་གི་གྲ་སྒྲིག་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་སུ། དཔེ་ཟུར་དབང་འདུས་ཚེ་རིང་དང་། ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་གཉིས་གྲོས་ཚོགས་སུ་འོས་གཞིར་བཏོན་པར། དཔེ་ཟུར་དབང་འདུས་ཚེ་རིང་འོས་འདེམས་བྱུང་ཡོད་པས། ཁོང་གིས་གཙོ་བོ་ཁྲིམས་སྒྲིག་གི་དགོངས་དོན་ཐོག་ཤར་བསྐྱོད་ལ་འབད་བརྩོན་གནང་ངེས་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཅིག་གཉིས་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་དགོངས་དོན་ལྟར་འོས་འདེམས་གནང་ཡོད་པ་དང་། འོས་བསྡུའི་འགན་འཛིན་དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་གོ་བདུན་པའི་དགོངས་དོན་བཞིན། གྲོས་ཚོགས་སུ་འོས་འདེམས་གཏན་འབེབས་བྱུང་ཡོད་ཅིང་། འོས་བསྡུའི་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་ནི། སྤྱི་ལོ་༡༩༦༠ལོར་སྐྱེས་ཏེ་དགུང་ལོ་༥༩་ཡིན་ཅིང་། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ནི། ཕྱི་ལོ་༡༩༥༦ལོར་སྐྱེས་ཏེ་དགོང་ལོ་༦༢ཡིན་པ་དང་། ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་ནི་སྤྱི་ལོ་༡༩༦༩ལོར་སྐྱེས་ཏེ་ད་ལྟ་དགུང་ལོ་༥༠སོན་གྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎