བོད་ནང་གི་དཀའ་ངལ་སེལ་ཆེད་རྒྱལ་སྤྱིར་འབོད་སྐུལ།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་སེལ་ཆེད་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད་པ།

2012.10.21

༄༅༎ཕྱི་ཟླ་༡༠ཚེས་༢༠ ཉིན་བོད་ཨ་མདོ་འབོ་ར་ཁུལ་དུ་སླར་ཡང་བོད་མི་ཞིག་གིས་རང་ལུས་མེ་སྲེག་བཏང་སྟེ་འདས་གྲོངས་སུ་ཕྱིན་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཆེན་པོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གི་དཀའ་ངལ་སེལ་ཐབས་ཀྱི་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
དེ་རིང་བཙན་བྱོལ་བོད་མི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བའི་ནང༌། ཕྱི་ཟླ་༡༠ཚེས་༢༠ ཉིན་གྱི་བོད་ནང་གི་ཉིན་གུང་ཚོུད་༢ པ་ཙམ་ལ་བོད་བྱང་ཤར་ཀན་ལྷོ་ཁུལ་སང་ཆུ་རྫོང་འབོ་ར་ཁུལ་དུ་ལོ་ན་༢༧ ཡིན་པའི་ལྷ་མོ་སྐྱབས་ཀྱིས་རང་ལུས་མེ་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་བ་དང༌། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་ལྷ་མོ་སྐྱབས་ཀྱི་ལུས་ཐོག་ཏུ་མེ་འབར་བཞིན་དུ་འབོ་ར་དགོན་པའི་ཕྱོགས་སུ་རྒྱུགས་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་བྱ་དགོས་པའི་སྐད་འབོད་བྱས་ཡོད་ཅིང༌། སྐབས་དེར་ས་གནས་རྒྱ་མི་ཉེན་རྟོག་པས་ལྷ་མོ་སྐྱབས་ཀྱི་ལུས་ཐོག་ཏུ་འབར་བཞིན་པའི་མེ་གསོད་ཐབས་བྱས་ཀྱང་ལུས་ཀྱི་མེ་འབར་ཤུགས་ཆེ་བས་ས་ཐོག་ཏུ་འགྱེལ་ཏེ་དེ་གར་འདས་གྲོངས་སུ་ཕྱིན་འདུག ལྷ་མོ་སྐྱབས་ལ་ཤུལ་ལུས་ཁོང་གི་བཟའ་ཟླ་རྡོ་རྗེ་སྐྱིད་དང༌། ལོ་བཅུ་ལ་སོན་པའི་བོུ་འབྲུག་མོ་མཚོ་དང༌། ལོ་བདུན་ལ་བསླེབས་པའི་བོུ་པད་མ་མཚོ་གཉིས་ཡོད་པ་རེད། ད་བར་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ རྒོལ་བྱས་ཏེ་རང་ལུས་མེ་སྲེག་བཏང་མཁན་བོད་མི་༥༦ ལྷག་བྱུང་ཡོད། ཁོང་ཚོ་ཚང་མའི་གཅིག་འགྱུར་གྱི་རེ་འབོད་དམ་འབོད་ཚིག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་བྱ་དགོས་པ་དང༌། བོད་ལ་རང་དབང་དགོས་པའི་སྐད་འབོད་བྱས་ཡོད་པ་རེད། བོད་ནང་དུ་རང་ལུས་མེ་སྲེག་གཏོང་བའི་ཛ་དྲག་གི་གནས་སྟངས་དེ་མཚམས་འཇོག་ཡོང་ཐབས་ཀྱི་ཐབས་ལམ་ནི་རྒྱ་ནག་གཞུང་གིས་དྲང་བདེན་དང་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྲིད་ཇུས་ལག་བསྟར་བྱ་དགོས་པ་མ་ཟད། ད་བར་ལོ་ངོ་དྲུག་ཅུའི་རིང་ལ་བོད་མི་ཚོར་དཀའ་སྡུག་ཀྱི་གནས་སུ་ལྷུང་བའི་སྲིད་ཇུས་མཚམས་འཇོག་བྱས་ཏེ། གྲོས་མོལ་གྱི་ལམ་ནས་བོད་ཀྱི་དཀའ་རྙོགས་སེལ་ཐབས་ཀྱི་ཐབས་ལམ་འཚོལ་དགོས་ཀྱི་རེད།བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་དུ་ཛ་དྲག་གི་དོན་རྐྱེན་མཚམས་འཇོག་ཡོང་ཐབས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རོགས་ཅེས་དུས་རྟག་ཏུ་རེ་སྐུལ་ཞུ་གི་ཡོད་ལ་ད་རེས་བསྐྱར་དུ་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎