བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་པ་རྡ་སར་ཚོགས་འདུག

2022.11.24
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་པ་རྡ་སར་ཚོགས་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་པའི་སྐབས། ༡༡།༢༣།༢༠༢༢
CTA

བཞུགས་སྒར་ཉེ་འདབས་ཀྱི་(Nibaana)་གསོལ་མགྲོན་ཁང་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ནས་གོ་སྒྲིག་གནང་སྟེ། སྤྱི་ཟླ་༡༡པའི་ཚེས་༢༢ནས་༢༤བར་ཉིན་བཞིའི་རིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐབས་བྱུས་ཚོགས་འདུ་ཐེངས་གཉིས་པ་དེ་ཚོགས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། དམིགས་ཡུལ་གཙོ་བོ་བོད་ནང་དང་རྒྱ་ནག་གི་གནས་ཚུལ་ཐོག་གོ་རྟོགས་སྤེལ་བ་དང་ལས་འཆར་སྒྲིག་པ། འབྱུང་འགྱུར་གདོང་ལེན་བྱེད་ཕྱོགས་ལ་དམིགས་ཏེ། སྤྱི་འཐུས་རྣམ་པ་ལྷན་ཞུགས་ཀྱི་ཐབས་བྱུས་ཚོགས་འདུ་བསྐོང་བཞིན་པ་འགྲེལ་བརྗོད་གནང་བྱུང་།
སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པ་ཚོར་ཐབས་བྱུས་ཚོགས་འདུ་གོ་སྒྲིག་གནང་བ་ལོ་འདིར་ཐེངས་མ་གཉིས་པ་ཆགས་ཡོད་ཅིང་། ཉེ་སྔོན་ཚོགས་ཟིན་པའི་ཐབས་བྱུས་ཚོགས་འདུ་དེར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ཚོར་ཞུ་གཏུག་གི་ཐབས་བྱུས་སྒྲིག་སྟངས་དང་། བརྡ་ལན་ཕུལ་ལུགས་སོགས་གཞིར་བཞག་སྟེ་ཕྱི་རྒྱལ་མི་རིགས་ཚོས་ལམ་སྟོན་གནང་བ་གཙོ་ཆེར་ཆགས་ཡོད་ནའང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་གསུང་ན། ད་ལན་འདིར་བོད་ཀྱི་གནས་སྟངས་བོད་མི་ཚོས་གཞན་ལས་ལྷག་པ་ཤེས་ཀྱི་ཡོད་པར་བརྟེན། བོད་མི་རིགས་ཀྱི་འཐབ་རྩོད་བྱེད་པར་བོད་ཀྱི་ལོ་རྒྱུས་ཀྱིས་བདེན་དཔང་དགོས་ཀྱི་ཡོད་པ་དང་འབྲེལ། གཙོ་བོ་བོད་མི་རིགས་དེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་རང་དབང་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་གྱི་ཐོག་ཐབས་བྱུས་སྟོན་གྱི་ཡོད་པ་དང་། སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་གྱིས་བོད་རྒྱ་འབྲེལ་མོལ་ཐད། སྔོན་མའི་ཉམས་མྱོང་གཞིར་བཞག་གིས་ད་ལྟའི་གཟིགས་སྟངས་ཅི་ཡོད་གསལ་བོ་གསུང་ཡོད་པ་རེད།

Tibetan Parliamentarians (2).jpg
གཞན་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོ་ཡང་གདན་འདྲེན་གྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དཔལ་འབྱོར་གནས་བབ། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་སོགས་སྣ་ཚོགས་ཀྱི་ཐོག་བློ་རྒྱ་བསྐྱེད་ཐབས་སུ་ལམ་སྟོན་གནང་གི་ཡོད་པར། ཆོལ་ཁ་ཆོས་བརྒྱུད་དང་བཅས་པའི་སྤྱི་འཐུས་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་སོགས་མང་པོ་མཉམ་ཞུགས་གནང་ཡོད་པ་ཁག་ལས། བོད་མི་མང་སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་ནས་རྒྱ་ནག་དང་བོད་ཀྱི་འབྲེལ་བ་དང་བོད་རྒྱ་འབྲེལ་མོལ་གྱི་གནས་ཚུལ་སོགས། ང་ཚོ་ལ་ཟབ་ཁྲིད་འགྲེལ་བཤད་བྱས་པ་བརྒྱུད། སོ་སོ་ལ་སྔོན་ཆད་ཧ་མ་གོ་བའི་རིགས་གསལ་བོ་ཆགས་རྒྱུར་ཕན་ཐོགས་བྱུང་བ་དང་། འབྱུང་འགྱུར་ཕྱི་རྒྱལ་གྲོས་ཚོགས་འཐུས་མི་དང་དཔོན་རིགས་ཚོར་ཞུ་གཏུག་བྱེད་པར་ཕན་ཐོགས་རྒྱ་ཆེ་བ་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
ཚོགས་འདུ་དེར་མཁས་པ་དང་ཞིབ་འཇུག་པ་ཚོ་གདན་ཞུས་ཀྱིས་རྒྱ་ནག་གཞུང་གི་སྲིད་བྱུས་འཛིན་ཕྱོགས་སྤྱི་དང་། ཁྱད་པར་བོད་ནང་གི་ཁོར་ཡུག་དང་དཔལ་འབྱོར་སྲིད་ཇུས། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐོག་བསམ་ཚུལ་སྤུང་རྒྱུ་ཙམ་མ་ཟད། བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་རྒྱལ་སྤྱིའི་མཁས་པ་ཚོས་ངོས་འཛིན་བྱེད་སྟངས་དང་། བོད་ནང་རྒྱ་ནག་གཞུང་གི་སྲིད་ཇུས་དང་འབྲེལ་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་ཀྱི་ཡིག་ཆ་མང་པོ་འཐོན་ཡོང་གི་ཡོད་པས། དེ་ལ་ཁ་གསལ་བོས་དངོས་ཡོད་གནས་ཚུལ་གསལ་བོ་བཟོ་མ་ཐུབ་ན། རྒྱ་ནག་གིས་ལོ་རྒྱུས་འཁྱོག་བཤད་ཁག་རིམ་པས་བདེན་པར་ངོས་འཛིན་གྱི་ཉེན་ཁ་ཡོད་པར་བརྟེན། བོད་ཀྱི་ལོ་རྒྱུས་གནས་བབ་ཐད་མཁས་དབང་གདན་འདྲེན་གྱིས་གསུང་བཤད་གནང་རྒྱུའང་གོ་སྒྲིག་ཞུས་ཡོད་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎