སྟག་འཚེར་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་ཞུས་སྐོར།

སྟག་འཚེར་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་ཚེས་བཅིུག་ཉིན་བཞུགས་ཡུལ་ཨ་རིའི་ཨིན་ཌི་ཡ་ན་མངའ་སྡེའི་ནང་གནང་རྒྱུ་ཡིན་པ་རེད།

2008.09.11

༄༅༎བོད་ཀྱི་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅེན་པོ་བགྲེས་ཤོས་སྟག་འཚེར་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་ཚེས་༡༡ཉིན་བཞུགས་ཡུལ་ཨ་རིའི་ཨིན་ཌི་ཡ་ན་མངའ་སྡེའི་སྦུ་ལུང་མིན་ཊོན་གྲོང་ཁྱེར་ནང་གནང་རྒྱུ་ཡིན་པ་དང༌། ཚེས་༡༠ཉིན་རིན་པོ་ཆེའི་གཟིམ་ཤག་ཏུ་སྐུ་གདུང་ལ་ཞལ་གྱེས་ཀྱི་མཛད་སྒོ་སྟབས་བདེ་ཞིག་གནང་ཡོད་ཅིང༌། དེའི་ཐོག་བོད་མི་དང་དེ་མིན་ལས་རིགས་འདྲ་མིན་གྱི་མི་སྣ་བརྒྱ་ཕྲག་སྐུ་གདུང་ལ་མཇལ་དར་ཕུལ་བར་བཅར་ཡོད་པ་རེད། སྟག་འཚེར་རིན་པོ་ཆེ་མཆོག་བོད་ཟླ་དྲུག་པའི་ཚེས་༦ཕྱི་ཟླ་དགུ་པའི་ཚེས་༥གཟའ་པ་སངས་ཀྱི་ཨ་རིའི་ཤར་ཕྱོགས་ཀྱི་ཉིན་གུང་ཚོུད་གཉིས་དང་ཕྱེད་ཀ་ཙམ་ལ་དགོངས་པ་གཞན་དོན་དུ་གཤེགས་པའི་གནས་ཚུལ་ཐོན་ཡོད་པ་དང་ རིན་པོ་ཆེ་མཆོག་དགུང་གྲངས་༨༦ལ་ཕེབས་ཀྱི་ཡོད་པ་རེད་ སྟག་འཚེར་རིན་པོ་ཆེ་མཆོག་ཕྱི་ལོ་༡༩༢༢ཆུ་ཁྱི་ལོའི་ཟླ་བ་བརྒྱད་པའི་ཚེས་༡༦ཉིན་མདོ་སྨད་སྟག་འཚེའི་ཡུལ་དུ་སྐུ་འཁྲུངས་ཤིང་ དགུང་གྲངས་གསུམ་ལ་ཕེབས་སྐབས་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་སྟག་འཚེར་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་པ་དང༌། དགུང་གྲངས་བརྒྱད་ལ་ཕེབས་སྐབས་སྐུ་འབུམ་དགོན་དུ་ཆོས་བཞུགས་གནང་ཞིང་ དགུང་གྲངས་ཉེར་བདུན་ལ་ཕེབས་སྐབས་དགེ་འདུན་ཞལ་གྲངས་བཞི་སྟོང་ལྷག་ཡོད་པའི་སྐུ་འབུམ་དགོན་པའི་མཁན་པོར་བསྐོ་བཞག་བསྩལ་ཡོད་པ་རེད་ ཕྱི་ལོ་༡༩༤༩ལོར་རྒྱ་ནག་དམར་པོ་གཞུང་གིས་རྒྱ་ནག་ནང་དབང་བསྒྱུར་བྱས་ནས་རིམ་པས་སྐུ་འབུམ་ཁུལ་གྱི་ས་ཁུལ་དེ་དག་རྒྱ་ནག་དམར་པོའི་དབང་བསྒྱུར་འོག་ཚུད་པའི་རྗེས་༡༩༥༠ལོར་ལྷ་སར་ཕེབས་ཐུབ་པ་བྱུང་ཡོད་པ་དང༌། དེ་རྗེས་༡༩༥༢ལོར་ཨ་མི་རི་ཀར་ཕེབས་ནས་ད་བར་ཨ་རིའི་ནང་གཏན་བཞུགས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎