བོད་མི་རང་བསྲེག་མཁན་ལ་གཅར་རྡུང་བཏང་དོན་ར་འཕྲོད་།
2012.04.17
༄༅༎བོད་ནང་རང་ལུས་མེར་བསྲེག་གཏོང་བའི་བོད་མིའི་ཐོག་རྒྱ་ནག་གི་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་བའི་ཁུངས་སྐྱེལ་ར་སྤྲོད་ལྡན་པའི་ལྦི་ཌི་ཡོ་(Video)བརྙན་པར་ཞིག་ཕྱི་ཕྱོགས་སུ་གཞུང་འབྲེལ་མ་ཡིན་པའི་བོད་མིའི་སྒྲིག་འཛུགས་ཤིག་ལ་མཁོ་སྤྲོད་བྱུང་སྟེ་རྒྱལ་སྤྱིའི་སྟེང་འགྲེམས་སྤེལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎
དེ་ཡང་ཁ་ས་ཚེས་༡༦ཉིན་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནས་གསང་བའི་ཐོག་མཁོ་སྤྲོད་བྱུང་བ་ རྔ་པ་ཀིརྟི་དགོན་པའི་གྲ་བློ་བཟང་འཇམ་དབྱངས་ལགས་ཀྱིས་སྐུ་ལུས་མེར་བསྲེག་བཏང་བའི་ལྦི་ཌི་ཡོ་བརྙན་པར་ཞིག་རྒྱལ་རྒྱལ་སྤྱིའི་སྟེང་ཕྱི་བསྒྲགས་གནང་ཡོད་པ་རེད་ དུས་ཡུན་སྐར་ཆ་༤༥ཅན་གྱི་ལྦི་ཌི་ཡོ་བརྙན་པར་དེའི་ནང་གྲ་བློ་བཟང་འཇམ་དབྱངས་ལགས་ཀྱིས་སྐུ་ལུས་ལ་མེར་འབར་ཞིང་ཁྲོམ་གཞུང་ཐོག་བསྐྱོད་པ་དང་ ཆབས་ཅིག་མི་མང་འདུ་འཛོམས་བྱེད་པའི་སྐབས་ རྒྱ་ནག་གི་དྲག་ཆས་ཉེན་རྟོག་མི་སྣས་ལག་འབུད་འཁོར་ལོ་ཞིག་གིས་ཁོང་བུད་་གྱེལ་བཏང་རྗེས་་ཉེན་རྟོག་པ་གཞན་ཚོས་ཁོང་གི་སྐུ་གཟུགས་ལ་རྡོག་་རྒྱག་གཞུས་པ་སོགས་གཅར་རྡུང་བཏང་བ་་ར་སྤྲོད་གསལ་འདོན་ཡོད་པ་རེད་ ཨེ་པི་གསར་ལས་ཁང་གིས་ལྦི་ཌི་ཡོ་བརྙན་པར་ནང་གསལ་བའི་གནས་ལུགས་སྐོར་རྔ་པ་རང་སྐྱོང་ཁུལ་གྱི་ཏང་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་བེུད་ལས་བྱེད་ལུའོ་ཟེར་བར་འདྲི་རྩད་བྱ་སྐབས་གནས་ཚུལ་དེའི་སྐོར་ཁོ་མོར་ལན་འདེབས་བྱ་རྒྱུའི་དབང་ཆ་མེད་ལུགས་ཡ་ལན་སྤྲད་བཞག་༎