བོད་རྔ་པ་རྫོང་དུ་བོད་མིར་དྲག་གནོན།
2012.04.17
༄༅༎ལྐོག་ཟའི་དོགས་གཞི་ཅན་གྱི་རྔ་པ་རྗོང་གི་ལས་བྱེད་གཉིས་ལ་ས་གནས་མང་ཚོགས་ཀྱིས་མི་འདོད་པའི་རྣམ་འགྱུར་སྟོན་སྐབས་དྲག་གནོན་བྱས་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག་༎
དེ་རིང་ཚེས་༡༧ཉིན་བཞུགས་སྒར་ནས་རྐིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་འཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་པར་བཞིགས་ན་ ཕྱི་ཟླ་༤ ཚེས་ ༡༤་ཉིན་རྔ་སྟོད་ཨ་འདུས་སྡེ་བའི་ནང་ཕྱི་དྲོའི་དུས་ཚོད་༢པའི་ཐོག་ རྔ་པ་རྗོང་གི་ལས་བྱེད་པ་ཁག་ཅིག་གིས་ ས་གནས་ཀྱི་མི་མང་རྣམས་ཚོགས་འདུ་ཡོད་ཚུལ་གྱི་མིང་ཐོག་ནས་བསྡུ་སྐོང་བྱས་པ་དང་ ཚོགས་འདུ་དེའི་ཐོག་ དེ་སྔ་མང་ཚོགས་ཀྱི་རོགས་དངུལ་ལྐོག་ཟ་བྱས་པའི་དོགས་གཞི་ཅན་གྱི་མི་གཉིས་ཡོད་པ་གཉིས་ཀྱིས་ ལས་དོན་ཚགས་ཚུད་བྱས་ཚུལ་བསྔགས་བརྗོད་བྱས་ནས་ ཁོང་གཉིས་ལ་བྱ་དགའ་སྤྲོད་རྒྱུ་ཡིན་ཚུལ་བརྗོད་སྐབས་ མི་མང་གིས་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་བསྟེན་སྐབས་ ལམ་སེང་དྲག་ཆས་ཉེན་རྟོག་པས་མི་མང་རྣམས་ལ་གང་བྱུང་གཅར་རྡུང་དྲག་པོ་བཏང་ཞིང་མི་གྲངས་བརྒྱ་ཡས་མས་ལ་རྨས་སྐྱོན་བཟོས་ཡོད་པ་རེད་ གནས་ཚུལ་ནང་མུ་མཐུད་བཀོད་པར་གཞིགས་ན་ རྒྱ་ནག་གི་དྲག་ཆད་ཉེན་རྟོག་པའི་གཅར་རྡུང་རྐྱེན་པས་ སློབ་དཔོན་སྐྱབས་སོགས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཏེ་རྔ་པ་རྫོང་སྨན་ཁང་དུ་ཉལ་དགོས་བྱུང་ཡོད་འདུག་ལ་ དེ་མིན་རྒྱལ་སྡེའི་ཚོ་གསུམ་སྡེ་བའི་མཚམས་ཆེན་དང་ ཚེ་ནོར་ བསྟན་འཛིན་ཚེ་རིང་སོགས་མི་གྲངས་བཅོ་ལྔ་ནས་ཉི་ཤུ་བར་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་ཀྱང་་ད་ཆ་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་ཡང་ཤེས་རྟོགས་མེད་པར་གྱུར་འདུག་༎་