རྒྱ་ནག་གི་སྲིད་ཞི་ཅིན་ཕིང་གིས་ནུབ་རྒྱུད་གསར་སྤེལ་ཆེ་མོའི་སྲིད་ཇུས་ལ་སྔར་ལས་ལྷག་པའི་ཤུགས་སྣོན་རྒྱག་དགོས་ལུགས་ནན་བརྗོད་བྱས་ཡོད་པ།

2024.08.24
རྒྱ་ནག་གི་སྲིད་ཞི་ཅིན་ཕིང་གིས་ནུབ་རྒྱུད་གསར་སྤེལ་ཆེ་མོའི་སྲིད་ཇུས་ལ་སྔར་ལས་ལྷག་པའི་ཤུགས་སྣོན་རྒྱག་དགོས་ལུགས་ནན་བརྗོད་བྱས་ཡོད་པ།
Reuters

ཕྱི་ཟླ་༨པའི་ཚེས་༢༣ཉིན་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་དབུས་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་རྒྱ་ནག་གི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་སྲིད་ཇུས་དང་བྱེད་ཐབས་འགའ་ཤས་ལ་སྔར་ལས་ལྷག་པའི་སྐུལ་འདེད་གཏོང་དགོས་ལུགས་གསུང་བཤད་གནང་འདུག་ལ། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ཞན་དུ་འགྲོ་བཞིན་པ་དང་། མི་རིགས་ཀྱི་འགལ་ཟླ་ཇེ་སྡུག་ཏུ་སོང་བ་དང་བསྟུན་ནས་རྒྱ་ནག་དམར་ཤོག་གཞུང་འཛིན་པས་སྲིད་ཇུས་དེར་ཤུགས་སྣོན་རྒྱག་དགོས་པའི་སྐུལ་འདེད་བྱས་ཡོད་པ་རེད་།

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གི་གནས་ཚུལ་ནང་ ཚོཊ་འདུའི་སྟེང་ནུབ་རྒྱུད་གསར་སྤེལ་ཆེན་མོ་ནི་དབུས་གཞུང་གིས་བཏོན་པའི་ཆེས་གལ་འགངས་ཆེ་བའི་འཐབ་ཇུས་ཀྱི་སྲིད་ཇུས་ཐག་གཅོད་ཅིག་ཡིན་ལུགས་བཀོད་འདུག

རྒྱ་ནག་གི་སྲིད་ཇུས་གསར་བ་དེས་ལྷོ་སོག་དང་ཤར་ཏུ་ཀེ་སི་ཐན། བོད་བཅས་ཀྱི་རང་བྱུང་ཐོན་ཁུངས་ཕྱུག་པོ་ཡོད་པ་རྣམས་ཧམ་འཕྲོག་དང་མི་རིགས་དེ་དག་གི་རིག་གཞུང་རྩ་མེད་གཏོང་ཐབས་བྱ་རྒྱུ་བཅས་ཀྱི་ཆེད་རེད་ཅེས་ ཨ་རིའི་ནང་ཡོད་པའི་ (SMHRIC) ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འགན་འཛིན་Enghebatu Togochogལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་ཡོད་།རྒྱ་ནག་གིས་ནུབ་རྒྱུད་ཟེར་བ་དེའི་ཁོངས་སུ་སོག་པོའི་ས་ཁུལ་དང་ཡུ་གུར་མི་རིགས་ཀྱི་ས་ཁུལ། བོད་ཀྱི་ས་ཁུལ་བཅས་ཚུད་ཡོད་ཅིང་། ད་ལྟ་གསར་དུ་ལག་བསྟར་བྱ་རྒྱུའི་སྲིད་ཇུས་དེའི་དམིགས་ཡུལ་ནི་ རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པའི་མངའ་ཁུལ་འདི་དག་གི་ཐོན་ཁུངས་ཧམ་འཕྲོག་བྱ་རྒྱུའི་དམིགས་ཡུལ་ཡོད་པ་ནི་མངོན་གསལ་དོད་པོ་ཆགས་ཡོད་ཅེས་དང་ཡང་ཁོང་གིས་མུ་མཐུད་གསུང་དོན་རྒྱ་ནག་གིས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་འདུ་ཤེས་སྲ་བརྟན་ཟེར་བའི་མིང་བེད་སྤྱོད་ཀྱིས་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་༥༥ཡོད་པ་ཚང་མ་རྒྱ་རིགས་ལ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཟེར་བ་དེའི་གོ་དོན་ནི་རྒྱ་རིགས་ཡིན་པའི་སྐོར་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་ཨ་རིའི་ནང་ཡོད་པའི་གནད་དོན་དབྱེ་ཞིབ་པ་མ་ཅིའུ་ཡིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་པར།  རྒྱ་ནག་གི་ནུབ་རྒྱུད་གསར་སྤེལ་ཞེས་པའི་འཐབ་ཇུས་དེ་ནི་གསར་བ་ཞིག་མིན་པ་དང་། དེར་དམིགས་ཡུལ་འགའ་ཡོད་མོད། འོན་ཀྱང་གཙོ་བོ་དེ་ཐབས་ཤེས་གང་ཡོད་བཏོན་ནས་ནུབ་རྒྱུད་ཆ་ཚང་རྒྱ་ནག་གཞུང་གིས་ནུས་པ་ལྡན་པའི་སྒོ་ནས་རང་ཉིད་ཀྱི་ལག་ཏུ་བླངས་ནས་སྟངས་འཛིན་དང་དབང་བསྒྱུར་བྱ་རྒྱུ་དེ་རེད་ཅེས་དབྱེ་ཞིབ་གནང་ཡོད།

གསར་འགོད་པ། རྡོ་རྗེ་མཚོ།

རྩོམ་སྒྲིག་པ།  རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎