ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ཐད་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པའི་ནན་བརྗོད་གནང་།

2021.04.12
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་ཐད་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པའི་ནན་བརྗོད་གནང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Anthony Blinken)ལགས། ༤།༢༠༢༡
Reuters

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་གང་ཡིན་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་ལུགས་གསུངས་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Anthony Blinken)ལགས་ཀྱིས། འདི་ཚེས་༡༡་གཟའ་ཉི་མའི་ཉིན་(NBC)བརྙན་འཕྲིན་ལས་ཁང་གི་(Meet the Press)ཞེས་པའི་ལས་རིམ་ནང་བཅར་འདྲིའི་སྐབས། ཕྱི་སྲིད་དྲུང་ཆེ་མཆོག་གིས རྒྱ་ནག་གཞུང་གིས་འབྲེལ་ཡོད་རྒྱལ་སྤྱིའི་ཞིབ་འཇུག་གནང་མཁན་ཚོར་(Covid-19)ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་སོགས་ཕྱི་གསལ་ནང་གསལ་གྱི་ཞིབ་འཇུག་བྱེད་དུ་བཅུག་མེད་པ་མ་ཟད། ཐོག་མ་ཉིད་ནས་ནད་ཡམས་དེ་རྒྱ་ནག་ཝུའུ་ཧན་ནས་ཁྱབ་གདལ་སྐབས་སུ་འཛམ་གླིང་ལ་གནད་དོན་གསལ་པོ་མ་བཟོས་པའི་རྐྱེན་གྱིས་རྒྱལ་སྤྱིའི་ཐོག་ཁྱབ་གདལ་ཆེ་རུ་ཕྱིན་ནས་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པ་རེད་། དེ་འདྲ་སོང་ཙང་སླར་ཡང་ཏོག་དབྱིབས་ནད་ཡམས་དེའི་འབྱུང་ཁུངས་ག་འདྲ་ཡིན་མིན་ཞིབ་ཚགས་པོའི་ཐོག་ནས་ཞིབ་འཇུག་བྱེད་དགོས་ལུགས་གསུངས་ནས་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
ད་དུང་ཁོང་གིས་ལས་རིམ་དེའི་ནང་། རྒྱ་ནག་གཞུང་གིས་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་གི་ཡུ་གུར་ཁ་ཆེ་མི་རིགས་ཚོའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་བྱེད་བཞིན་ཡོད་པ་དེར་ཐ་གཅིག་ཏུ་ངོ་རྒོལ་ཡོད་པ་དང་། ཨ་རིའི་ཚོང་དོན་ཚན་པ་ཚོས་ཀྱང་ཤིན་ཅང་མངའ་ཁུལ་ནང་བཙན་ཤེད་ཀྱི་ཐོག་ནས་ངལ་རྩོལ་སྐུལ་འདེད་བྱེད་བཞིན་པའི་དངོས་ཟོག་རིགས་ཚོང་འབྲེལ་མི་བྱེད་རྒྱུའི་གནོན་ཤུག་སྤྲོད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎