རྒྱ་གར་ནང་ལྐོག་ཟ་རུལ་སུངས་རྩ་མེད་གཏོང་རྒྱུ་ཡིན་པ་གསུངས་འདུག


2015.08.15
སྲིད་བློན་མོ་དྷི་མཆོག་གིས་ལྐོག་ཟ་རུ་སུངས་རྩ་མེད་གཏོང་རྒྱུ་ཡིན་པ་གསུངས་འདུག རྒྱ་གར་རང་བཙན་ཐོབ་སྟེ་ལོ་ངོ་ ༦༩ འཁོར་བའི་དུས་ཆེན་གྱི་ཉིན་སྲིད་བློན་མོ་དྷི་མཆོག་གིས་རྒྱལ་ཡོངས་གསུང་བཤད་གནང་བཞིན་པ།
ཨེ་ཨེཕ་པི།

༄༅། །རྒྱ་གར་རང་བཙན་ཐོབ་སྟེ་ལོ་ངོ་ ༦༩ འཁོར་བའི་དུས་ཆེན་གྱི་ཉིན་རྒྱ་གར་གྱི་སྲིད་བློན་ན་རན་དྷརཱ་མོ་དྷི་མཆོག་གིས་ལྐོག་ཟ་རུལ་སུངས་ཀྱིས་རྒྱ་གར་རྒྱལ་ཁབ་འབུ་གྲོག་མ་ཤིང་ཟན་ལྟར་ཟ་བཞིན་ཡོད་པ་དང་། ཁོང་གིས་ལྐོག་ཟ་རུལ་སུངས་རྩ་མེད་གཏོང་རྒྱུ་དང་དབུལ་ཕོངས་མེད་པ་བཟོ་རྒྱུའི་ཁས་ལེན་གནང་འདུག།
འདས་པའི་ཟླ་བ་འགའ་ཤས་རིང་རྒྱ་གར་གྱི་གྲོས་ཚོགས་ནས་སྲིད་བློན་མོ་དྷིའི་བཅོས་བསྒྱུར་གྱི་སྲིད་ཇུས་ཁག་གཅིག་ལ་ཆོག་མཆན་བཀའ་ཁྲོལ་མ་སྤྲད་པ་དང་། ཁོང་གི་བློ་ཉེ་བའི་དཔོན་རིགས་ཁག་གཅིག་ལ་ལྐོག་ཟའི་གྱོད་དོན་བྱུང་བའི་རྗེས་སྲིད་བློན་མོ་དྷིའི་དབུ་ཁྲིད་ཀྱི་ནུས་པར་དྭོགས་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
ཕྱག་སྲོལ་ལྟར་རྒྱ་གར་རང་བཙན་ཐོབ་པའི་དུས་ཆེན་དེ་རྒྱལ་ས་ལྡི་ལིའི་ནང་གི་ཕོ་བྲང་དམར་པོའི་མདུན་ཐང་དུ་རྒྱས་སྤྲོས་ཆེན་པོའི་ངང་ཚུགས་ཤིང་། སྲིད་བློན་གྱི་རྒྱལ་ཡོངས་གསུང་བཤད་ནང་། ང་ཚོས་རྒྱལ་ཁབ་ཀྱི་ནང་ཁྱབ་པའི་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐུབ་རྒྱུ་ཡིན་ལ། དེ་ཡང་འགོ་ནས་མར་བཟོ་དགོས་ཀྱི་རེད་ཅེས་དང་། ལྐོག་ཟ་རུལ་སུངས་ནི་འབུ་གྲོག་མ་ཤིན་ཟན་ལྟར་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ནང་རིམ་པས་ཁྱབ་བརྡེལ་དུ་གཏོང་གི་ཡོད། འོན་ཀྱང་དུས་ཚོད་དང་རན་པའི་སྨན་ཁབ་རྒྱབ་ན་མེད་པ་བཟོ་ཐུབ་ཀྱི་རེད་ཅེས་གསུངས་འདུག།
འོན་ཀྱང་རྒྱ་གར་ནང་ལྐོག་ཟ་མེད་པ་བཟོ་རྒྱུར་རྒྱ་གར་མི་དམངས་ཀྱི་རྒྱབ་སྐྱོར་དགོས་ངེས་ཡིན་པ་གསུངས་ཡོད་པ་རེད།
ད་དུང་རྒྱ་གར་གྱི་སྲིད་བློན་གྱི་རྒྱལ་ཡོངས་གསུང་བཤད་ནང་།  རྒྱ་གར་ནང་དབུལ་ཕོངས་སེལ་ཐབས་སྐོར་གསུངས་ཤིང་། ཁོང་གིས་འབྱུང་རྒྱུར་གྱི་ཉིན་གྲངས་ ༡༠༠༠ ནང་ཚུད་རྒྱ་གར་གྱི་གྲོང་གསེབ་ཚང་མའི་ནང་གློག་མཁོ་སྤྲོད་ཐུབ་པ་གནང་རྒྱུ་ཡིན་པ་དང་། རྒྱ་གར་མངའ་སྡེའི་གཞུང་སོ་སོས་གློག་མེད་པའི་གྲོང་གསེབ་ས་ཁུལ་ཚང་མའི་ནང་རྒྱལ་ཁབ་ཀྱི་གློག་ཁང་ཨ་མ་ཁག་དང་མཐུད་ཐུབ་པ་བྱ་རྒྱུའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།  ཁོང་གིས་རྒྱ་གར་རང་བཙན་ཐོབ་སྟེ་ལོ་ངོ་བཅུ་ཕྲག་མང་པོ་སོང་ཚར་བའི་རྗེས་ད་དུང་ཡང་གློག་མེད་པའི་རྒྱ་གར་གྱི་གྲོང་གསེབ་༡༨༠༠༠ ཡོད་པ་གསལ་བཏོན་གནང་འདུག།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎