སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་རྒྱལ་སྤྱིའི་ལྷན་ཚོགས།

གནས་གཤིས་འགྱུར་ལྡོག་སྐོར་མི་མང་གི་ལྷན་ཚོགས་ཞེས་སའི་གོ་ལ་ཚ་དྲོད་རྒྱས་པའི་དཀའ་གནས་ལ་གདོང་ལེན་བྱ་ཕྱོགས་ཐད་གྲོས་བསྡུར།

2009.12.10

༄༅༎ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་དུ་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་རྒྱལ་སྤྱིའི་ཡུལ་ཁག་ཚོས་གཞུང་འབྲེལ་གྱི་ལྷན་ཚོགས་གནང་བཞིན་པའི་སྐབས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་མེད་པའི་ཡུལ་ཁག་དང་ཡང་ན་གྲངས་ཉུང་མི་རིགས་ལས་གྲུབ་པའི་ས་ཁུལ་ཁག་ཅིག་གིས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་གནས་གཤིས་འགྱུར་ལྡོག་སྐོར་མི་མང་གི་ལྷན་ཚོགས་ཞེས་སའི་གོ་ལ་ཚ་དྲོད་རྒྱས་པའི་དཀའ་གནས་ལ་གདོང་ལེན་བྱ་ཕྱོགས་ཐད་གྲོས་བསྡུར་དང་བགྲོ་གླེང་གི་ལྷན་ཚོགས་གནང་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག་༎

གཞུང་འབྲེལ་མ་ཡིན་པའི་མི་མང་གི་ལྷན་ཚོགས་དེའི་ནང་བོད་ཀྱི་འཁོར་ཡུག་གི་གནད་དོན་སྐོར་བོད་མིའི་སྐུ་ཚབ་ཚོས་སའི་གོ་ལ་ཚ་དྲོད་རྒྱས་པའི་རྐྱེན་མཐོ་སྒང་བོད་ཀྱི་འཁྱགས་རོམ་བཞུར་བའི་འཁོར་ཡུག་གི་གནད་དོན་དང་རྒྱ་ནག་གི་སྲིད་ཇུས་ལ་རྐྱེན་པས་བོད་ཀྱི་འཁོར་ཡུག་ལ་ཉེན་ཚབས་ཇི་ཆགས་སོགས་ཀྱི་སྐོར་དང་ཡང་ཨེ་མཱ་ཛོན་ཁུལ་གྱི་གདོད་མའི་མི་རིགས་ཀྱི་སྐུ་ཚབ་ཚོས་མཁའ་རླུང་སྦག་བཙོག་རྐྱེན་པའི་ཁུལ་དེའི་ནགས་ཚལ་དང་རང་བྱུང་སྐྱེ་དངོས་ཉམ་ཉེས་དང་དེ་དག་གཅེས་འཛིན་བྱ་ཕྱོགས་སྐོར་དང་ ཡང་ཨབ་རི་ཀའི་མཱ་ལ་ལྦི་ཁུལ་གྱི་ཞིང་པའི་སྐུ་ཚབ་ཚོས་སའི་གོ་ལའི་་ཚ་དྲོད་ལ་བརྟེན་ནས་ས་གཞི་བྱེ་ཐང་དུ་གྱུར་བའི་ཞིང་པ་ཚོས་དཀའ་སྡུག་དང་ཡང་གིརིན་ལེན་ཌི་ནང་འཁྱགས་རོམ་བཞུར་ཚད་ལ་བརྟེན་ཁུལ་དེའི་ཨི་ནུ་ཨིཏ་སི་གདོད་མའི་མི་རིགས་ཚོས་ཡུལ་སྲོལ་གོམས་གཤིས་ལ་ཉེན་ཚབས་དང་འཚོ་རྟེན་གྱི་དཀའ་གནད་ཇི་ཆགས་དང་དེ་བཞིན་ཤར་ལྷོ་ཨེ་ཤེ་ཡའི་ཡུལ་ཁག་ནང་མཚོ་རླུང་དྲག་འཆར་གྱི་གནད་དོན་བཅས་ཁྱོན་གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་པ་བརྒྱ་ཕྲག་མང་པོས་སྐུ་ཚབ་དབར་གྲོས་བསྡུར་དང་བགྲོ་གླེང་གནང་རྒྱུ་ཡིན་པ་དང་མི་མང་གི་ལྷན་ཚོགས་ཞེས་པའི་འདིའི་ནང་མི་གྲངས་ཁྲི་གཅིག་ཙམ་ཚོགས་བཅར་ཡོང་རྒྱུའི་ཚོད་དཔག་གནང་གི་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎