༧གོང་ས་མཆོག་གིས་དེང་རབས་ཚན་རིག་པ་དང་ལྷན་བགྲོ་གླེང་གནང་བ།


2015.11.13
༧གོང་ས་མཆོག་དབུ་བཞུགས་ཐོག་ཚད་རྡུལ་དངོས་ཁམས་རིག་པ་དང་དབུ་མའི་བགྲོ་གླེང་ལྡི་ལིར་ཚོགས་སྐབས། ༢༠༡༥།༡༡།༡༢ ༧གོང་ས་མཆོག་དབུ་བཞུགས་ཐོག་ཚད་རྡུལ་དངོས་ཁམས་རིག་པ་དང་དབུ་མའི་བགྲོ་གླེང་ལྡི་ལིར་ཚོགས་སྐབས། ༢༠༡༥།༡༡།༡༢
སངས་རྒྱས་རྒྱ་མཚོ། /RFA

༧གོང་ས་མཆོག་དབུ་བཞུགས་ཐོག་ཚད་རྡུལ་དངོས་ཁམས་རིག་པ་དང་དབུ་མའི་བགྲོ་གླེང་ལྡི་ལིར་ཚོགས་པ་ལེགས་པར་འཇུག་སྒྲིལ་གནང་བ།
དེ་ཡང་འདི་ཟླའི་ཕྱི་ཚེས་༡༢དང་༡༣བཅས་ཉིན་གཉིས་རིང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་Jawaharlal Nehruགཙུག་ལག་སློབ་གཉེར་ཁང་དུ། ནང་པའི་གྲུབ་མཐའ་སྨྲ་བ་བཞི་ལས་དབུ་མ་པའི་ལྟ་གྲུབ་ཀྱིས་ཆོས་རྣམས་ཀྱི་དོན་དམ་གྱི་གནས་ལུགས་ལ་དཔྱད་ཚུལ་དང་། དེང་རབས་ཚན་རིག་གི་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་(Quantum Physics)ཐོག་ནས་བགྲོ་གླེང་ལྷན་ཚོགས་གནང་ཡོད་པ་རེད།
བགྲོ་གླེང་ཉིན་དང་པོའི་སྐབས་༧གོང་ས་མཆོག་གིས་གསུང་བཤད་བསྩལ་བའི་ནང་། ངོས་རང་གང་ཟག་དཀྱུས་མ་ཞིག་ལས་དམིགས་བསལ་བ་ཞིག་གང་ཡང་མིན། ངོས་རང་བྱིས་པ་ལོ་བདུན་བརྒྱད་སྐབས་ནས་བློ་འཛིན་བྱ་རྒྱུ་འགོ་བཙུགས་པ་རེད། ད་ལྟ་ལོ་༨༠བསླེབས་ཡོད་ཀྱང་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཚོས་མཛད་པའི་གཞུང་དེ་དག་ལ་ཉིན་ལྟར་ལྟ་ཀློག་བྱས་པ་ཙམ་དུ་མ་ཟད་གང་ཐུབ་བསམ་བློ་གཏོང་བཞིན་ཡོད། དེས་བསམ་བློ་གུ་ཡངས་པོ་བྱ་རྒྱུར་ཕན་ཐོགས་འདུག ལྷག་པར་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་ངས་གང་བཤད་པ་དེར་ང་ལ་དད་པ་དང་གུས་ཞབས་བྱས་ནས་ཡིད་ཆེས་མ་བྱས་པར་དེར་བརྟག་དཔྱད་བྱས་ནས་ཁས་ལེན་བྱོས། ཞེས་གསུངས་ཡོད། ངོས་རང་དེར་མོས་པོ་ཡོད།
འདས་པའི་ལོ་ངོ་༣༠གོང་གོང་ས་མཆོག་ནས་ཚན་རིག་པ་དང་ལྷན་འཇིག་རྟེན་ཁམས་ཀྱི་རིག་པ་དང་། ཀླད་ཁམས་རིག་པའི་རྣམ་གཞག ཚད་རྡུལ་དངོས་ཁམས་རིག་པ་གཙོས་པའི་དངོས་ཁམས་རིག་པའི་རྣམ་གཞག་སོགས་ཀྱི་སྐོར་ཚན་རིག་པ་དང་ལྷན་གོ་བསྡུར་གནང་མྱོང་ཡོད་པ་གསུངས་ཞིང་། བགྲོ་གླེང་འདི་ལྟ་བུས་སོ་སོའི་གོ་རྟོགས་རྒྱ་ཆེ་རུ་གཏོང་ཐུབ་པ་དང་། གནས་ལུགས་རྟོགས་པའི་ཤེས་རབ་གོང་སྤེལ་གཏོང་རྒྱུའི་ཕན་རླབས་ཡོད་པ་ནན་གསུངས་གནང་འདུག
ད་རེས་ཀྱི་བགྲོ་གླེང་འདིའི་ཐོག་གཙུག་ལག་སློབ་དཔོན་སྐུ་ཞབས་(Prof N Mukunda) ལགས་དང་། ཧྥ་རན་སིའི་ཚན་རིག་ཉམས་ཞིབ་པ་སྐུ་ཞབས་(Prof Michel Bitbol)ལགས། ཝཱ་ཎ་དབུས་བོད་ཀྱི་ཆེད་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ཟུར་པ་དགེ་བཤེས་ངག་དབང་བསམ་གཏན་ལགས། སེར་བྱེས་དགེ་བཤེས་ངག་དབང་སངས་རྒྱས་ལགས། གཙུག་ལག་སློབ་དཔོན་སྐུ་ཞབས་Prof Rajaram Nityanandaལགས། གཙུག་ལག་སློབ་དཔོན་སྐུ་ཞབས་Prof Matthewལགས། རྡ་ས་དཔེ་མཛོད་ཁང་གི་དགེ་བཤེས་ལྷག་དོར་ལགས་གཙོས་དབུ་མ་པའི་ལྟ་གྲུབ་དང་ཚད་རྡུལ་དངོས་ཁམས་རིགས་པའི་མཁས་དབང་ཁག་གཅིག་མཉམ་བཞུགས་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

ཡང་འབྲེལ་ཡོད་གནས་ཚུལ་འདི་གའི་གསར་འགོད་པ་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་སངས་རྒྱས་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎