བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོར་ཁྲིན་ཏུའུ་གྲོང་ཁྱེར་ནང་ངལ་གསོའི་ལྟེ་གནས་གསར་སྐྲུན་ལས་་གཞིར་དམངས་ཁྲོད་དུ་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་འདུག

2024.11.21
བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཚོར་ཁྲིན་ཏུའུ་གྲོང་ཁྱེར་ནང་ངལ་གསོའི་ལྟེ་གནས་གསར་སྐྲུན་ལས་་གཞིར་དམངས་ཁྲོད་དུ་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་འདུག
AP

དེ་ཡང་འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་དང་དེ་མིན་གྱི་རྒྱ་ཡིག་གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་ནང་གནས་ཚུལ་སྤེལ་བ་ལྟར་ན་།  རྒྱ་ནག་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཞབས་ཞུ་ལྟེ་གནས་ཀྱིས་ཕྱི་ཟླ་༡༡ ཚེས་༡༥ ཉིན་ཁྲིན་ཏུའུ་གྲོང་ཁྱེར་ནང་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་དཔོན་རིགས་རྒན་གྲས་ཚོར་ངལ་གསོ་རྒྱབ་སའི་རྟེན་གཞི་འཛུགས་སྐྲུན་བྱེད་པའི་རིན་གོང་གསལ་བསྒྲགས་སྤེལ་ནས་རྣམ་གྲངས་དེ་ནི་རྒྱལ་ཁབ་ཀྱི་མ་རྕ་འཛུགས་འཇོག་བྱེད་ཀྱི་ཡོད་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་གཏན་འཁེལ་བྱས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་རྒན་གྲས་ཚོ་ངལ་གསོ་རྒྱབ་སའི་རྟེན་གཞི་ཟེར་བ་དེ་བཞིན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཐན་ཕུའུ་ས་ཁུལ་དུ་ཡིན་པ་དང་།  སྤྱིའི་འཛུགས་སྐྲུན་ལ་རྒྱ་ཁྱོན་མི་གྲར་གྲུ་བཞི་མ་ས་ཡ་༡དང་ཚག་༤༥ ལྷག་ཟིན་གྱི་ཡོད་ཅིང་།  བོད་ལྗོངས་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་ཟེར་བས་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲད་པ་ཞིག་ཡིན་པ་བསྒྲགས་འདུག ལས་བྱེད་པ་རྒན་གྲས་དང་འབྲེལ་བའི་ལས་གཞིའི་རིན་གོང་འདོན་སྤྲོད་རྒྱུ་ཆ་ལ་ཞིབ་བཤེར་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་རྣམ་གྲངས་ལ་མ་འཇོག་བྱེད་ཚད་དེ་ད་ལོའི་ཕྱི་ཟླ་༨པར་མཚོ་སྔོན་ཞིང་ཆེན་གྱིས་ཁྲིན་ཏུའུ་ནང་བཙུགས་པའི་ལས་འཁྱུར་ངལ་གསོ་ལས་བྱེད་པའི་སྨན་བཅོས་འཕྲོད་བསྟེན་རྟེན་གཞི་ལས་ལྡབ༢༣༤ལྷག་གི་མང་བ་ཡོད་པ་རེད་།  གནས་ཚུལ་དེ་ཐོན་པའི་རྗེས་མི་རྣམས་ཀྱི་དོ་སྣང་ཆེན་པོ་བྱས་ནས་། རྒྱ་ནག་གི་དབོའོ་བོ་དྲ་རྒྱའི་ཐོག་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་།  དྲ་རྒྱ་བེད་སྤྱོད་བྱེད་མཁན་ཁག་ཅིག་གིས་མ་དངུལ་ཐེར་འབུམ་༡༠ལྷག་གི་འཛུགས་སྐྲུན་ལས་གཞི་དེ་ནི་ཕོ་བྲང་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རེད་དམ། ཡང་ན་ངལ་གསོ་ཁང་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རེད་ཞེས་པའི་དྲི་བ་བཏོན་ཡོད་པ་དང་།  ཁག་ཅིག་གིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ལ་དངུལ་གྱི་ཐོན་ཁུངས་མང་པོ་དེ་འདྲ་ཡོད་དམ་ཟེར་བ་། ཡང་དེ་འདྲའི་གཞི་རྒྱ་ཆེ་བའི་མ་རྩ་འཇོག་རྒྱུ་དེ་དགོས་ངེས་ཤིག་ཡིན་ནམ་ཞེས་དྲི་བ་བཏོན་འདུག ད་དུང་དྲ་ཚིགས་ཐོག་མཆན་འབྲི་མཁན་ཁ་ཤས་ཀྱིས་འདི་ལོའི་ལོ་སྟོད་ཟླ་བ་གསུམ་པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཡོང་འབབ་སྒོར་ཐེར་འབུམ་༢༠.༣ ལས་མེད་པ་དང་།  སྤྲོ་སྐྱིད་གཏོང་སའི་ལྟེ་གནས་གསར་སྐྲུན་གྱི་ལས་གཞིའི་འགྲོ་གྲོན་གྱིས་བརྒྱ་ཆ་༥༠ལྷག་ཙམ་ཟིན་ཡོད་པས་།  ཁྲལ་སྤྲོད་མཁན་མི་མང་གི་དངུལ་སྤྲོ་སྐྱིད་གཏོང་སའི་ལྟེ་གནས་འཛུགས་སྐྲུན་ཆེད་བེད་སྤྱོད་གཏོང་རྒྱུ་འོས་འཚམས་ཡིན་མིན་ལ་དོགས་པ་བྱེད་ཀྱི་ཡོད་སོགས་དྲ་རྒྱའི་ཐོག་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎