ཁེ་ཎ་ཌ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་ནང་གི་གཏན་འཇགས་སློབ་གྲྭ་དང་འབྲེལ་བའི་སྐོར་ལ་ཉན་ཞིབ་ཞིག་གནང་འདུག

2023.02.10
ཁེ་ཎ་ཌ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་ནང་གི་གཏན་འཇགས་སློབ་གྲྭ་དང་འབྲེལ་བའི་སྐོར་ལ་ཉན་ཞིབ་ཞིག་གནང་འདུག ༢༠༢༣།༠༢།༠༧། ལྷ་སྒྲོན་བཀྲེས་མཐོང་ལགས་དང་། འབུམ་རམས་པ་རྒྱལ་ལོ་ལགས། འཆི་མེད་ལྷ་མོ་ལགས་བཅས་ཀྱིས་ཁེ་ཎ་ཌ་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Arif Virani ལགས་དང་། ཚོགས་གཞོན་སྐུ་ཞབས་James Maloneyལགས་ཀྱི་གཙོས་པའི་འཐུས་མི་བཅོ་བརྒྱད་ལྷག་ཙམ་ཞིག་དང་ལྷན་དུ་མཇལ་འཕྲད་ཀྱིས་བོད་ནང་གི་གཏན་འཇགས་སློབ་གྲྭ་སྐོར་ངོ་སྤྲོད་ཞུས་པ།
Arif Virani

ཟླ་འདིའི་ཚེས་དགུ་ཉིན་ཁེ་ཎ་ཌ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འཐུས་མི་ཁག་བརྒྱད་ལས་གྲུབ་པའི་སྐུ་ཚབ་དང་ལྷན་དུ་འབུམ་རམས་པ་རྒྱལ་ལོ་ལགས་དང་། བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་བཅས་ཨོ་ཏྲ་ལྦ་རྒྱལ་སའི་ཁུལ་དུ་རྒྱ་གཞུང་གི་སྲིད་བྱུས་འོག་བོད་ནང་གི་གནས་སྟངས་སྤྱི་དང་བོད་ཕྲུག་སློབ་མ་རྣམས་གཏན་འཇགས་སློབ་གྲྭར་བཀག་ཉར་བྱེད་བཞིན་པའི་སྐོར་ལ་ཉན་ཞིབ་ཞིག་གནང་རྒྱུ་ཡིན་པ་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ནས་ཞལ་པར་བརྒྱུད་འབྲེལ་བརྗོད་གནང་བྱུང་།
རྩ་བའི་འདི་ཚེས་བདུན་ཉིན་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ལྷ་སྒྲོན་བཀྲེས་མཐོང་ལགས་དང་། འབུམ་རམས་པ་རྒྱལ་ལོ་ལགས། བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་བཅས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཌ་ཝ་རུ་ཆེད་བཅར་གནང་ནས་ཁེ་ཎ་ཌ་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Arif Virani ལགས་དང་། ཚོགས་གཞོན་སྐུ་ཞབས་James Maloney ལགས་ཀྱི་གཙོས་པའི་འཐུས་མི་བཅོ་བརྒྱད་ལྷག་ཙམ་ཞིག་དང་ལྷན་དུ་བོད་ནང་གི་གཏན་འཇགས་སློབ་གྲྭ་དང་འབྲེལ་བའི་སྐོར་ལ་ཕན་ཚུལ་གོ་བསྡུར་དང་དེ་དག་གི་གནས་སྟངས་རྒྱུས་ལོན་གནང་ཡོད་པ་གསུངས་བྱུང་།
དེ་རིང་ཚེས ༡༠ཉིན་ལྷ་སྒྲོན་བཀྲས་མཐོང་ལགས་དང་། འབུམ་རམས་པ་རྒྱལ་ལོ་ལགས། བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་བཅས་ཁེ་ཎ་ཌའི་རྒྱལ་ས་ཨོ་ཌ་ཝ་རུ་ཆེད་བཅར་གནང་ནས་ཁེ་ཎ་ཌ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་ནང་གི་གཏན་འཇགས་སློབ་གྲྭ་དང་འབྲེལ་བའི་སྐོར་ལ་ཉན་ཞིབ་ཞིག་གནང་ཡོད་པ་རེད།
ཁེ་ཎ་ཌ་དབུས་གྲོས་ཚོགས་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Arif Virani ལགས་ཀྱིས་གཙོས་པའི་འཐུས་མི་ཁག་གཅིག་དང་ལྷན་དུ་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཅིག་གི་མགྲིན་ཚབ་པ། དེ་བཞིན་གོང་བརྗོད་བོད་མི་གསུམ་བཅས་ཐུན་མོང་གིས་བོད་ཀྱི་ལོ་གསར་སྲུང་བརྩི་གནང་ནས་གྲོས་ཚོགས་ནང་བོད་དོན་དང་རིག་གཞུང་། བོད་ཟས་བཅས་ལ་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་བྱུང་ཡོད་པ་ཨོན་ཏྲེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཆབ་སྲིད་འབྲེལ་མཐུད་པ་གཡུ་འབྲུང་བསྟན་འཛིན་ལགས་ནས་ངོ་སྤྲོད་གནང་བྱུང་།
ད་ཐེངས་ཁེ་ཎ་ཌ་རྒྱལ་སའི་དབུས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་དུ་བོད་དོན་དང་བོད་པའི་ལོ་གསར་སྔ་སྣུར་ཀྱི་སྲུང་བརྩི་ཞུས་པ་བཞིན་འཐུས་མི་ཁག་གཅིག་དང་གོ་བསྡུར་བྱུང་བ་བཞིན་ཁེ་ཎ་ཌའི་བོད་མི་ཚོས་ཆབ་སྲིད་མི་སྣ་ཁག་ལ་འབྲེལ་བ་བཞག་ནས་བོད་དོན་སྐོར་གླེང་དགོས་པའི་ཞུ་ཡིག་དང་འབྲེལ་བ་གནང་ཚེ་ཕན་ཐོག་རླབས་ཆེན་ཡོང་དུས་ས་ཕྱོགས་གང་སར་བཞུགས་པའི་བོད་མི་ཚོས་འབད་བརྩོན་གནང་དགོས་པ་གསུངས་བྱུང་། མཐའ་དོན་བོད་ནང་གཏན་འཇགས་སློབ་གྲ་དང་འབྲེལ་བའི་སྐོར་ཁེ་ཎ་ཌ་ཙམ་མ་ཡིན་པར་ཡུ་རོབ་ཁག་གི་གཞུང་དང་ཨ་རིའི་རྒྱལ་ཁབ་བཅས་ལ་ཞུ་གཏུགས་ལས་འགུལ་སྤེན་ནས་རྒྱ་གཞུང་གིས་བོད་པའི་ངོ་བོ་དང་། རིག་གཞུང་། སྐད་ཡིག་ མི་རིགས་རྩ་མེད་ཀྱི་སྲིད་བྱུས་མཚམས་འཇོག་དགོས་པའི་གནོན་ཤུགས་དང་རྒྱབ་སྐྱོར་དགོས་པའི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་པ་གསུངས་བྱུང་།།

གསར་འགོད་པ། ཨོ་རྒྱན།

རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎