བཀའ་ཁྲི་བློ་བཟང་སེང་གེས་བརྒྱུད་ལམ་བཅའ་དྲིར་ལན་འདེབས།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་ཨ་རིའི་གསར་འགྱུར་ལས་ཁང་གྲགས་ཅན་གྱིས་བཅར་འདྲི།

2011.10.07

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ བོད་ནང་གི་དཀའ་སྡུག་རྣམས་དངོས་གསུམ་འཛེམས་མེད་ཀྱིས་ཐོག་ནས་གསུང་གི་ཡིན་ལ་ རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༥༠གོང་དུ་ བོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལྡན་པའི་ཡུལ་ཞིག་བཟོ་རྒྱུའི་ཞལ་བཞེས་གནང་ཡོད་ཀྱང་ མི་ལོ་༦༠རྗེས་སུའང་ཞལ་བཞེས་གནང་བ་དེ་ལག་ལེན་རྩ་བ་ནས་མ་གནང་བའི་ཐོག བོད་དེ་ཡ་ང་བའི་ཡུལ་ཞིག་བཟོས་ཡོད་པ་རེད་ཅེས་སི་ཨེན་ཨེན་(CNN)གསར་འགྱུར་ལས་ཁང་ལ་གསུང་བཞག། 
དེ་བཞིན་བཀའ་བློན་ཁྲི་པ་མཆོག་གིས་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་བྱེད་རྒྱུ་དེ་མཚམས་འཇོགས་མ་གནང་བར་ བོད་མི་ཚོས་རྒྱ་ནག་གཞུང་ལ་ཆེ་ཐོངས་ཞུ་གི་མ་རེད་ གལ་སྲིད་རྒྱ་ནག་གཞུང་ལ་ཆེ་ཐོངས་དང་བརྩི་བཀུར་དགོས་ན་ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ རང་དབང་གཞི་ལ་བཞག་པའི་ཐོག་ནས་ བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྤྲོད་དགོས་པ་རེད་ཅེས་གསུང་བཞག།
ཡང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ རྒྱ་བོད་གཉིས་ཀྱིས་ གྲོས་མོལ་གྱི་ལམ་ནས་དཀའ་རྙོགས་སེལ་ཐབས་གནང་བ་ཡིན་ན་ མ་འོངས་བོད་མིའི་མདུན་ལམ་བཟང་པོ་ཞིག་ཡོང་བ་རེ་བ་ཡོད་ལུགས་ཡང་གསུང་བཞག། ཡང་བཀའ་བློན་ཁྲི་པ་མཆོག་གིས་ ཨ་རབ་ཡུལ་གྲུ་མང་པོའི་ནང་ དེ་སྔ་བསམ་ཡུལ་ལའང་མེད་པའི་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་རེད་ བྱས་ཙང་རྒྱལ་སྤྱིའི་གནས་སྟངས་ལ་འགྱུར་བ་གཏན་གཏན་འགྲོ་གི་རེད་ཅེས་གསུང་བཞག། དེ་བཞིན་ཁོང་གིས་ ང་ལ་ཆ་བཞག་ན་ ངས་མུ་མཐུད་ནས་དབུ་མའི་ལམ་གྱི་མཛད་ཇུས་ཐོག་ཤར་བསྐྱོད་བྱས་ཏེ་ བོད་ཀྱི་དཀའ་རྙོགས་དེ་སེལ་ཐབས་བྱེད་ཀྱི་ཡིན་ རྒྱ་བོད་གཉིས་ཀར་ཁེ་ཕན་ཡོད་པའི་ བོད་ལ་རང་སྲིད་རང་སྐྱོང་ཚད་ལྡན་ཞིག་རག་ཐབས་སུ་འབད་བརྩོན་ཞུ་གི་ཡིན་ འོན་ཀྱང་ཕྲན་བུ་མི་འདྲ་བ་ཞིག་ལ་ ངས་བོད་ནང་གི་དངོས་ཡོད་གནས་སྟངས་དེ་འཛེམས་མེད་ཀྱི་ཐོག་ནས་གསལ་པོར་བཤད་ཀྱི་ཡིན་ དལྟའི་བོད་ཀྱི་གནས་སྟངས་ནི་ཡ་ང་བའི་གནས་སྟངས་ཤིག་འོག་གནས་ཡོད་པ་རེད་ལ་ བོད་དེ་མི་སེར་སྤེལ་ཡུལ་ཞིག་མ་གཏོགས་ སྤྱི་ཚོགས་རིང་ལུགས་དེ་འདྲ་ཡོད་པ་མ་རེད་ཅེས་གསུང་བཞག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎