མོན་རྟ་དབང་ནས་རྒྱ་གར་གྱི་ས་ཁུལ་གཞན་ཁག་བར་འགྲིམས་འགྲུལ་མཐུད་པའི་ཕུག་ལམ་འཛུགས་སྐྲུན་བྱེད་བཞིན་པ།

2024.02.03
མོན་རྟ་དབང་ནས་རྒྱ་གར་གྱི་ས་ཁུལ་གཞན་ཁག་བར་འགྲིམས་འགྲུལ་མཐུད་པའི་ཕུག་ལམ་འཛུགས་སྐྲུན་བྱེད་བཞིན་པ།
པདྨ་མཁའ་འགྲོ།

ཨ་རུ་ཎ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། བོད་དང་ས་མཚམས་འཁེལ་བའི་རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེའི་མོན་རྟ་དབང་དང་རྒྱ་གར་གྱི་ས་ཁུལ་གཞན་ཁག་ཏུ་མཐུད་པའི་ Sela ལའི་ཐོག་ཏུ་འཛུགས་སྐྲུན་བྱེད་བཞིན་པའི་ཕུག་ལམ་གྱི་ཕྱོགས་གཅིག་ལ་ཕྱི་ཟླ་ ༢ ཚེས་ ༢ ཉིན་གཟིགས་ཞིབ་གནང་ཞིང་། རྒྱ་གར་གྱི་མཐའ་སྲུང་གི་ལས་དོན་དང་འབྲེལ་བ་ཆགས་པའི་གལ་ཆེའི་ཐབས་ཇུས་ཀྱི་ལས་གཞི་དེར་དཀའ་ངལ་ཁྱད་བསད་ཀྱིས་འཛུགས་སྐྲུན་བྱེད་མཁན་གྱི་ལས་བཟོ་བ་རྣམས་དང་ཐུགས་འཕྲད་གནང་རྒྱུ་བྱུང་པའི་སྐོར་པདྨ་མཁའ་འགྲོ་མཆོག་གི་སྤྱི་ཚོགས་དྲ་ལམ་ X ཞེས་པའི་ཐོག་པར་རིས་དང་བཅས་ཏེ་གནས་ཚུལ་བཀོད་འདུག་ལ།  ཁོང་གིས་ད་དུང་ཕུག་ལམ་དེ་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་གིས་མགྱོགས་མྱུར་དབུ་འབྱེད་གནང་རྒྱུར་རེ་སྒུག་གནང་བཞིན་ཡོད་པ་བརྗོད་འདུག Sela ཞེས་པའི་ལའི་ཐོག་ལ་འཛུགས་སྐྲུན་བྱེད་བཞིན་པའི་ཕུག་ལམ་དེ་ནི།
GFVquDzXUAAEF2M.jpg
ཧི་མ་ལ་ཡའི་རི་བརྒྱུད་དུ་དགུན་དུས་གནམ་གཤིས་གྲང་ངར་ཆེ་ཞིང་། ཁ་བ་ཤུགས་ཆེ་བབ་པ་དང་ས་རུད་ཐེབས་པའི་དཀའ་ངལ་ཇི་སྙེད་ཅིག་བྱུང་བཞིན་པར་གདོང་ལེན་བྱེད་པའི་ཐབས་ལམ་ཞིག་དང་འགྲིམས་འགྲུལ་ལ་འགོག་རྐྱེན་མི་འབྱུང་བའི་བགྲོད་ལམ་འཛུགས་སྐྲུན་བྱེད་པ་ཞིག་ཡིན་པ་མ་ཟད། རྟ་དབང་ནས་རྒྱ་གར་གྱི་ས་ཁུལ་གཞན་ཁག་ཏུ་འགྲིམས་འགྲུལ་བྱེད་ཐུབ་པའི་ཆ་རྐྱེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད། ད་དུང་བོད་ཀྱི་ས་མཚམས་ཐག་ཉེར་ས་ཐིག་དངོས་གཞི་འཁེལ་ཡུལ་གྱི་རྒྱ་གར་གྱི་ས་མཚམས་ས་ཁུལ་བར་དུའང་འགྲིམས་འགྲུལ་གྱི་འགྲོ་ལམ་དེ་རྒྱ་སྐྱེད་འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་པའི་སྐོར་བཀོད་འདུག་པ་ལྟར་ན། རྒྱ་གར་གྱི་མཐའ་སྲུང་བདེ་འཇགས་སྲུང་སྐྱོབས་ཀྱི་ལས་དོན་ཆེད་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་རྒྱལ་སྲུང་དང་འབྲེལ་བའི་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དབར་འཕགས་བོད་ས་མཚམས་སུ་རྒྱང་ཐག་ཀི་ལོ་མི་ཊར་ ༡༤༠༠ ལྷག་གི་ས་འབྲེལ་འཁེལ་ཡུལ་དུ་ཕྱི་ལོ་ ༡༩༦༠ ལོ་ནས་རྩོད་རྙོག་རྒྱུན་མ་ཆད་པར་བྱུང་ཡོད་པའི་ཁར་ཕྱོགས་གཉིས་ཀྱི་མཐའ་སྲུང་དམག་མིའི་དབར་གདོང་ཐུག་རིམ་པར་བྱུང་ཡོད་པའི་ཁོངས། འབྲས་ལྗོངས་ཀྱི་རྣ་ཐོས་ལ་དང་། ལ་དྭགས། མོན་རྟ་དབང་བཅས་ཀྱི་ས་མཚམས་ས་ཁུལ་དུ་རྒྱ་མིའི་དམག་མིས་བཙན་འཛུལ་བྱེད་པའི་གནས་ཚུལ་མུ་མཐུད་བྱུང་བཞིན་ཡོད་པ་རེད། བར་ལམ་རྒྱ་ནག་གཞུང་གིས་འབྲུག་གི་ས་མཚམས་འབྲོག་ལམ་ཁུལ་དུའང་འགྲིམས་འགྲུལ་གྱི་འགྲོ་ལམ་འཛུགས་སྐྲུན་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་གཉིས་ཀྱི་བར་རྩོད་རྙོག་ཆེ་རུ་འགྲོ་གཞིའི་གནས་ཚུལ་རིམ་པར་བྱུང་བཞིན་ཡོད་པ་རེད།
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ།་བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎