ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཨི་རན་ལ་ཉེན་བརྡ་བཏང་བ།

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨི་རན་ཡུལ་དེ་བཞིན་དམག་དོན་དབང་ཆ་གཅིག་སྡུས་ཀྱི་ལམ་དུ་བསྐྱོད་རྒྱུར་ཉེན་ཚབས་ཡོད་སྐོར་གསུངས་འདུག

2010.02.15

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས་གཟའ་ཟླ་བའི་ཉིན་ཁཱ་ཏའར་མཐོ་སློབ་ཁང་དུ་སློབ་ཕྲུག་ཚོར་གསུང་བཤད་གནང་བའི་སྐབས་ཨི་རན་ཡུལ་དེ་བཞིན་དམག་དོན་དབང་ཆ་གཅིག་སྡུས་ཀྱི་ལམ་དུ་བསྐྱོད་རྒྱུར་ཉེན་ཚབས་ཡོད་པའི་སྐོར་གསུངས་ཡོད་འདུག   ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཀི་ལིན་ཀྲེན་མཆོག་དེང་སྐབས་དཀྱིལ་ཤར་ཡུལ་གྲུའི་ནང་རྒྱལ་དོན་འཚམས་གཟིགས་གནང་བཞིན་པ་དང་  ཁོང་གིས་ཨི་རན་གྱི་གསར་རྗེ་དམག་དཔུང་ཟེར་བའི་སྲུང་སྐྱོབས་དམག་དཔུང་གི་དབང་ཤུགས་རྒྱ་སྐྱེད་གཏོང་བཞིན་པ་དང་ དོན་དངོས་ཐོག་དམག་དཔུང་དེས་སྲིད་གཞུང་གི་ཚབ་བྱ་རྒྱུའི་ལམ་བུར་བསྐྱོད་བཞིན་ཡོད་པ་གསུངས་འདུག དེ་ཡང་ལྕམ་ཀི་ལིན་ཀྲེན་མཆོག་ནས་གསུངས་ན་ཨི་རན་གྱིས་འཁྲུག་རྐྱེན་སློང་བའི་བྱ་སྤྱོད་དེ་རིགས་ལ་བརྟེན་ནས་ཨ་རིས་ཨི་རན་ཐོག་ཉེས་ཆད་སྐྱེལ་རྒྱུ་ལས་ཐབས་ལམ་གཞན་མེད་པ་དང་  ཨི་རན་གྱིས་ཉེན་ཚབས་ཆེ་བའི་རང་བཤེད་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་ཐག་གཅོད་ལ་བསྐྱར་ཞིབ་མ་བྱས་ནས་ ཞི་བའི་ཐོག་ནས་གནད་དོན་ཐག་གཅོད་ཡོང་རྒྱུའི་ཐབས་ལམ་ཐོག་བསྐྱོད་ཐབས་མ་བྱས་ཚེ་ ཨ་རི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨི་རན་ཐོག་ཐབས་ལམ་ཁག་གཉིས་རྩམ་གྱི་ཐོག་ནས་ཉེས་ཆད་དེ་བས་ལྗིད་པོ་བསྐྱེལ་རྒྱུའི་གྲ་སྒྲིག་ཡོད་ལུགས་གསུངས་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཚོས་ཨི་རན་གྱི་རྡུལ་ཕྲན་གནད་དོན་ཐག་གཅད་ཡོང་ཕྱིར་ཡུལ་དེར་དཔལ་འབྱོར་སོགས་ཀྱི་ཉེས་ཆད་བསྐྱལ་བའི་ཐོག་ནས་གནོན་ཤུགས་སྤྲོད་རྒྱུའི་ཐབས་ལམ་ལ་རྒྱབ་སྐྱོར་ཡོང་རྒྱུའི་ཆེད་ ད་རེས་དཀྱིལ་ཤར་ཡུལ་ཁག་ནང་འཚམས་གཟིགས་སུ་ཕེབས་པ་ཞིག་ཡིན་པ་དང་།  གཟའ་འཁོར་སྔོན་མ་ཨ་རི་གཞུང་གིས་ཨི་རན་གྱི་གསར་རྗེའི་དམག་དཔུང་གི་གཉེར་བའི་འཛུགས་སྐྲུན་ཚོང་དོན་ཁང་ཞིག་ལ་དཔལ་འབྱོར་གྱི་ཉེས་ཆད་བཅོད་རྒྱུའི་ཐག་གཅོད་གནང་ཡོད་ཅིང་ཚོང་དོན་ཁང་དེས་འཛུགས་སྐྲུན་ལས་གཞིའི་ཐོག་ནས་བྱུང་བའི་མཁེ་སང་རྣམས་ཨི་རན་གྱི་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ལས་གཞིའི་ཐོག་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎