འབར་མའི་མང་གཙོའི་བཅོས་བསྒྱུར་ནུས་པ་ཆེ་ཙམ་དགོས་གལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་འབར་མའི་གཞུང་ལ་མང་གཙོའི་བཅོས་བསྒྱུར་ནུས་པ་ཆེ་ཙམ་གཏོང་དགོས་ལུགས་ནན་བརྗོད་གནང་འདུག

2011.12.01

༄༅༎ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་འབར་མའི་གཞུང་ལ་མང་གཙོའི་བཅོས་བསྒྱུར་ནུས་པ་ཆེ་ཙམ་གཏོང་དགོས་ལུགས་ནན་བརྗོད་གནང་ཡོད་འདུག
ལོ་ངོ་ལྔ་བཅུ་ལྷག་ཙམ་གྱི་རྗེས་སུ་ཨ་རིའི་གནད་ཡོད་དཔོན་རིགས་འབར་མའི་ནང་འཚམས་འདྲི་གཟིགས་བསྐོར་གནང་མཁན་ཐོག་མ་དེ་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ ཁི་ལན་དྲན་མཆོག་ཆགས་ཡོད་པ་དང་། དེ་རིང་རེས་གཟའ་ཕུར་བུའི་ཉིན་ཁོང་ནས་སྲིད་འཛིན་ཐེན་ སེན་དང་མཇལ་འཕྲད་གནང་ཡོད་པ་དང་། རིམ་པས་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་ སུ་ཅི་མཆོག་དང་ཡང་མཇལ་འཕྲད་གནང་འཆར་ཡོད་འདུག དེ་རིང་སྲིད་འཛིན་དང་མཇལ་འཕྲད་གནང་བའི་སྐབས་ལྕམ་ཁི་ལན་དྲན་མཆོག་གིས། སྔ་ལོ་ནས་བཟུང་འབར་མའི་དྲག་པོའི་སྲིད་གཞུང་ཐོག་འགྱུར་བ་བཏང་བས་མ་ཟད་ལྕམ་ཨང་སན་སུ་ཅི་བཟང་བཙོན་ནས་གློད་བཀྲོལ་བཏང་བ་སོགས་འགྱུར་བ་གང་འཚམས་བཏང་བར་བསྔགས་བརྗོད་གནང་བ་དང༌། སྦྲགས་ད་ལྟའང་གཞུང་ནས་མང་གཙོའི་ལམ་ལུགས་སུ་ནུས་པ་ཆེ་ཙམ་ཐོག་ནས་བཅོས་བསྒྱུར་གཏོང་དགོས་ལུགས་ནན་བརྗོད་གནང་འདུག ཡང་ཁོང་གིས། ད་ལྟའི་ཆར་ཨ་རིའི་ངོས་ནས་དེ་སྔ་འབར་མའི་དྲག་པོའི་སྲིད་གཞུང་གི་བྱ་སྤྱོད་ལ་བརྟེན་ནས་དཔལ་འབྱོར་དང་ཚོང་འབྲེལ་གྱི་ཉེས་ཆད་བཀལ་བ་དེ་དག་ལམ་སེང་ཕྱིར་བསྡུ་བྱེད་རྒྱུ་ཁག་པོ་ཡིན་ནའང་རིམ་པས་ཆབ་སྲིད་དང་དཔལ་འབྱོར་གྱི་འགྱུར་གྲོས་འགྲོ་སྟངས་ལ་གཞིགས་པས་ང་ཚོས་ཀྱང་ལངས་ཕྱོགས་དང་མཐུན་འགྱུར་བྱེད་ཕྱོགས་ལྷོད་ཡངས་གཏོང་རྒྱུའི་འཆར་གཞི་ཡོད་ལུགས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎