ཀི་ལིན་ཊོན་མཆོག་ནས་རྒྱ་ནག་ལ་འབོད་སྐུལ་ཤུགས་ཆེ་གནང་བ།

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཨ་མི་རི་ཀས་རྒྱ་ནག་དང་མི་མཐུན་པ་ཡོད་པའི་གནད་དོན་ཁག་སྦས་གསང་བྱས་ཏེ་ཐོག་བཞག་རྒྱུ་མིན་གསུངས་བ།

2011.01.15

༄༅༎རྒྱ་ནག་གི་སྲིད་འཛིན་ཨ་མི་རི་ཀར་གཞུང་འབྲེལ་འཚམས་གཟིགས་ཆེད་འབྱོར་རྒྱུར་ཉིན་གྲངས་འགའ་ཤས་ལས་མེད་པའི་སྔོན་ཏེ་ ཕྱི་ཟླ་༡ཚེས་༡༤གཟའ་པ་སངས་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀིལན་ཊན་མཆོག་གིས་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་དང་མི་མཐུན་པ་ཡོད་པའི་གནད་དོན་ཁག་སྦས་གསང་བྱས་ཏེ་ཐོག་བཞག་གནང་རྒྱུ་མིན་པ་གསུངས་པ་དང་ རྒྱ་ནག་ནང་གི་སྲིད་དོན་གྱི་བཙོན་པ་ཚོ་གློད་གྲོལ་དགོས་པ་དང་གྲངས་ཉུང་མི་རིགས་ཚོའི་ཐོག་ལག་བསྟར་བྱེད་པའི་སྲིད་བྱུས་ཡར་རྒྱས་གཏོང་དགོས་པའི་འབོད་བསྐུལ་ཤུགས་ཆེ་གནང་འདུག།

གཟའ་པ་སངས་ཉིན་ལྕམ་ཧི་ལ་རི་ཀིལན་ཊན་མཆོག་ནས་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་ཀྱི་ཐོག་འདི་ག་རྒྱལ་ས་ལྦ་ཤིང་ཊོན་དུ་གལ་ཆེའི་གསུང་བཤད་ཅིག་གནང་པའི་སྐབས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་རང་བཞིན་འགག་རྩའི་གནས་བབས་ཤོག་གི་ཐོག་སླེབས་ཡོད་པ་གསུངས་པ་དང་ ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གི་ནུས་སྟོབས་རྒྱས་བཞིན་པར་འགོག་ཐབས་གང་ཡང་གནང་གི་མེད་པ་གསུངས་འདུག།

ལྕམ་ཧི་ལ་རི་ཀིལན་ཊན་མཆོག་ནས་དེ་སྔོན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་བཀའ་མོལ་ཤུགས་ཆེ་མ་གསུངས་པར་སྐྱོན་བརྗོད་ཆེན་པོ་ཕོགས་ཡོད་ན་ཡང་གཟའ་པ་སངས་ཉིན་གྱི་གསུང་བཤད་དེའི་སྐབས་ རྣམ་ཀུན་དང་མི་འདྲ་བར་རྒྱ་ནག་གི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་སྐོར་གྱི་བཀའ་མོལ་ཤུགས་ཆེ་གནང་ཡོད་ཅིང་ ལྷག་པར་དུ་ལྕམ་ཧི་ལ་རི་ཀིལན་ཊན་མཆོག་གིས་རྒྱ་ནག་གཞུང་གིས་ ནོ་བེལ་ཞི་བདེའི་བྱ་དགའ་བཞེས་མཁན་ལིའུ་ཤའོ་བོ་གཙོས་གཞུང་དང་ལྟ་བ་མི་མཐུན་མཁན་གྱི་སྲིད་དོན་གྱི་བཙོན་པ་ཡོངས་རྫོགས་གློད་གྲོལ་གཏོང་དགོས་པ་གསུངས་འདུག།

ལྕམ་ཧི་ལ་རི་ཀིལན་ཊན་མཆོག་ནས་རྒྱ་ནག་ནང་མི་མང་པོ་ཞིག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱ་མཁན་དེ་དག་ནི་ རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་དང་མངའ་དབང་གཅིག་འགྱུར་མེད་པ་བཟོ་ཐབས་བྱ་མཁན་དུ་ངོས་འཛིན་བྱེད་མཁན་ཡོད་ཀྱང་ རྒྱ་ནག་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཐོག་བཙུགས་མཁན་གྱི་ཡུལ་གྲུའི་གྲས་ཤིག་ཡིན་སྟབས་ རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་ནང་ཡོངས་ཁྱབ་ངོས་འཛིན་བྱེད་པའི་འགྲོ་བ་མི་ཡོངས་ཀྱི་ཐོབ་ཐང་ལ་བརྩི་བཀུར་དགོས་ཀྱི་རེད་ཅེས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎