ཨ་རིའི་སྲིད་འཛིན་ནས་༸གོང་ས་མཆོག་དང་མཇལ་འཕྲད་སྐོར།

ཟླ་བ་རྗེས་མ་ཨ་རིའི་སྲིད་འཛིན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་གནང་རྒྱུ་ཡིན་པ།

2010.01.12

༄༅༎ཟླ་བ་རྗེས་མ་ཨ་མི་རི་ཀའི་སྲིད་འཛིན་སྦར་ཀ་ཨོ་སྦ་མ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུས་གནང་རྒྱུ་ཡིན་པ་དེས་ཨ་རི་དང་རྒྱ་ནག་གཉིས་དབར་འཁོན་རྩོད་ཡོང་སྲིད་པའི་སྐོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་གསུང་པ་ལྦ་ཤིང་ཀྲོན་ཕོ་ཉ་གསར་ཤོག་གིས་ཁ་ས་ལུང་འདྲེན་བྱས་འདུག།

ལྕམ་ཧི་ལ་རི་ཀི་ལིན་ཀྲེན་གྱིས་བོད་ཐོག་རྒྱ་ནག་གི་བདག་དབང་ལ་ཨ་མི་རི་ཀས་ངོས་འཛིན་བྱེད་ཀྱི་ཡོད་ནའང༌། བོད་མི་ཚོའི་ཆོས་དད་རང་དབང་དང་རིག་གཞུང་སྲུང་སྐྱོབ་བྱེད་ཆོག་པའི་གཞི་རྩའི་ཐོབ་ཐང་ལ་གུས་བརྩི་དང་བོད་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་དགོས་རྒྱུའི་རྩ་དོན་གཉིས་ལ་ཨ་མི་རི་ཀས་རྒྱབ་སྐྱོར་མུ་མཐུད་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་བཞག།

སྔ་ལོ་ཕྱི་ཟླ་༡༠པའི་ནང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་གིས་བོད་ཀྱི་དབུ་འཁྲིད་༸གོང་ས་༸ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་ཐོག་མའི་འཆར་གཞི་ཕྱིར་འཐེན་གནང་བའི་རྗེས་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མང་པོ་ཞིག་གིས་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་མཉམ་དཔལ་འབྱོར་གྱི་འབྲེལ་བ་འཛུགས་ཐབས་སུ་འགྲོ་བ་མིའི་ཐོབ་ཐང་བློས་བཏང་གནང་བའི་སྐྱོན་བརྗོད་ཤུགས་ཆེ་ཞུས་ཡོད་ནའང༌། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཨོ་སྦ་མ་མཆོག་གི་བཞེངས་ཕྱོགས་གསལ་པོ་མཁྱེན་རྟོགས་ཡོད་སྐོར་བཀའ་གནང་སྟེ། ༸གོང་ས་མཆོག་གི་རྐྱེན་པས་སུ་ཞིག་ལའང་སྟབས་མི་བདེ་བ་བཟོས་གནང་འདོད་མེད་སྐོར་གསུང་ཡོད་པ་དང༌། དེ་སྐབས་དབུ་འཁྲིད་རྣམ་གཉིས་དབར་ད་ལོའི་འགོ་སྟོད་མཇལ་འཕྲད་གནང་རྒྱུའི་ཐུགས་ཐག་ཆོད་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་མཆོག་པ་པུ་ཨ་ནིའུ་གི་ནི་ ནིའུ་ཛི་ལེན་ཌི་ ཨོ་སི་ཀྲོ་ལི་ཡ་བཅས་ནང་ཉིན་གྲངས་དགུའི་རིང་གཞུང་དོན་གཟིགས་སྐོར་དབུ་འཛུགས་གནང་བའི་ཁ་ས་ཉིན་དང་པོར་གསུང་གླེང་གནང་སྐབས། ཨ་རི་དང་རྒྱ་ནག་གི་དབུ་འཁྲིད་དབར་བོད་དོན་ཐད་བསམ་ཚུལ་མི་མཐུན་པའི་འགལ་ཟླ་ཡོད་པ་དེ་ཚོའི་ཐོག་བསམ་ཤེས་བྱེད་ཐུབ་པའི་རྒན་ཚད་ལོངས་བའི་འབྲེལ་བ་ཡོད་སྐོར་གསུངས་སྟེ། རྒྱ་ནག་དེ་བཞིན་དུས་རབས་༢༡པའི་ནང་གོང་འཕེལ་འགྲོ་བཞིན་པའི་སྟོབས་ཤུགས་ཞིག་ཆགས་ཀྱི་ཡོད་པ་ཚང་མས་ཤེས་ཀྱི་ཡོད་ནའང༌། འཛམ་གླིང་མི་དམངས་ཀྱིས་རྒྱ་ནག་གི་སྟོབས་ཤུགས་གོང་འཕེལ་འགྲོ་བཞིན་པ་དང་དུས་མཚུངས་ཨ་མི་རི་ཀས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཀྱི་ནུས་པ་འདོན་སྤེལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎