ཆོས་རིག་བཀའ་བློན་མཆོག་དང་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མིའི་བར་མཇལ་མོལ།


2018.07.18
དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ། ༢༠༡༨།༧།༡༧ དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ། ༢༠༡༨།༧།༡༧
OOT London.

ཆོས་རིག་བཀའ་བློན་མཆོག་དབྱིན་ཡུལ་དུ་ཕེབས་ཞོར་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དབྱིན་ཡུལ་དུ་ཕེབས་ཞོར་དང་བསྟུན། ཕྱི་ཟླ་ ༧ ཚེས་ ༡༧ ཉིན་དབྱིན་ཡུལ་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་གི་ནང་། དབྱིན་ཇིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་ཡོངས་རྫོགས་ལས་གྲུབ་པའི་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་འདུག
ཞུགས་མོལ་ཚོགས་འདུ་འདི་བཞིན་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རྙིང་ཞེན་ཅན་ནམ་གཞུང་འཛིན་ (Conservative) སྲིད་དོན་ཚོགས་པའི་འཐུས་མི་སྐུ་ཞབས་(Tim Loughton) མཆོག་གིས་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི། བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་གི་ཐོག་ནས་དེང་དུས་འཛམ་གླིང་ཐོག་ལེགས་སྐྱེས་འབུལ་བའི་ནུས་པ་ཇི་ཡོད་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ནང་བྱམས་བརྩེ་གོང་འཕེལ་གཏོང་རྒྱུ་དང་། ཆོས་ལུགས་མཐུན་བསྒྲིལ། བོད་ཀྱི་གནད་དོན་བཅས་ཐུགས་བསྐྱེད་དམ་བཅའ་ཁག་གི་ཐོག་བགྲོ་གླེང་གནང་ཡོད་པ་ཚོགས་བཅར་བ་དབྱིན་ཇིའི་བཙུན་མ་ (Emma Slade) ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་ཚོགས་བཅར་བ་དབྱིན་ཇིའི་ལས་སྩོལ་ཚོགས་པའི་འཐུས་མི་ལྕམ་ (Karen Lee) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་ཡིག་ཐོག་གི་བཀའ་ལན་ཞིག་གནང་པའི་ནང་། ཁོང་དང་འཐུས་མི་ཁག་གཅིག་འདི་ལོ་ཕྱི་ཟླ་ ༩ ནང་བཞུགས་སྒར་རྡ་རམ་ས་ལར་ཕེབས་འཆར་ཡོད་པ་གསུངས་ཤིང་། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་གནང་ཚེ་དགའ་བསུ་ཆེན་པོ་ཞུ་རྒྱུ་ཡིན་ཅེས་གསུངས་འདུག་ལ།  གྲོས་ཚོགས་ཀྱི་འཐུས་ལྕམ་ཀེ་རེན་ལཱི་ལགས་ཀྱིས་འཕྲིན་ཡིག་དེའི་ནང་། ང་ཚོས་རྒྱ་ནག་གཞུང་ལ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐོག་འཛིན་པའི་བྱ་སྤྱོད་ལ་བསམ་ཞིབ་ཡོང་བའི་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་དང་། ཡར་རྒྱས་ཀྱི་ཕྱོགས་སུ་མདུན་བསྐྱོད་ཡོང་བའི་རེ་བ་ཡོད་ཅེས་གསུངས་འདུག
ཐེངས་འདིའི་ཚོགས་འདུ་འདི་ནི་དབྱིན་ཇིའི་བོད་པའི་མཐུན་ཚོགས་སམ་ (Tibet Society) ཡིས་གོ་སྒྲིགས་ཞུས་པ་ཞིག་ཡིན་ཞིང་། ཚོགས་པ་འདི་ནི་ཕྱི་ལོ་ ༡༩༥༩ ལོར་བོད་དོན་རྒྱབ་སྐྱོར་ཆེད་བཙུགས་པ་ཞིག་སྟེ། འཛམ་གླིང་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྙིང་ཤོས་དེ་ཆགས་ཡོད་པ་རེད།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎