འཛམ་གླིང་རྩེད་འགྲན་ལྷན་ཚོགས་སྐབས་འདུར་རྒྱུག་ཀྱི་འགྲན་བསྡུར་ནང་ཆོས་དབྱངས་སྐྱིད་ལ་ཨང་གསུམ་པ་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ།

2022.07.16
འཛམ་གླིང་རྩེད་འགྲན་ལྷན་ཚོགས་སྐབས་འདུར་རྒྱུག་ཀྱི་འགྲན་བསྡུར་ནང་ཆོས་དབྱངས་སྐྱིད་ལ་ཨང་གསུམ་པ་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ། རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་རྟགས་མ་མང་པོ་ཐོབ་མྱོང་ཡོད་པའི་ཆོས་དབྱིངས་སྐྱིད་ལགས་ལ་ཨ་རིའི་ཨོ་རི་གྷན་མངའ་སྡེའི་ནང་འདི་ཟླའི་ཚེས་༡༥་ཉིན་ཚོགས་པའི་འཛམ་གླིང་རྩེད་འགྲན་ལྷན་ཚོགས་སྐབས་འདུར་ རྒྱུག་ཀྱི་འགྲན་བསྡུར་ནང་ཨང་གསུམ་པ་ཐོབ་སྟེ་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་རེད།
ཨེ་ཨེཕ་པི།

རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་རྟགས་མ་མང་པོ་ཐོབ་མྱོང་ཡོད་པའི་ཆོས་དབྱིངས་སྐྱིད་ལགས་ལ་ཨ་རིའི་ཨོ་རི་གྷན་མངའ་སྡེའི་ནང་འདི་ཟླའི་ཚེས་༡༥་ཉིན་ཚོགས་པའི་འཛམ་གླིང་རྩེད་འགྲན་ལྷན་ཚོགས་སྐབས་འདུར་
རྒྱུག་ཀྱི་འགྲན་བསྡུར་སྐབས་ཆོས་དབྱངས་སྐྱིད་ལ་ཨང་གསུམ་པ་ཐོབ་སྟེ་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་རེད།
འདུར་རྒྱུག་སམ་ཨིན་སྐད་ཐོག་racewalk རྒྱང་ཐག་ཀི་ལོ་མི་ཀྲར་༢༠་བར་གྱི་རྩེད་འགྲན་སྐབས་པི་རུ་ནས་ཡིན་པའི་རྩེད་འགྲན་པ་Kimberly Garcia ལགས་ལ་ཨང་དང་པོ་ཐོབ་སྟེ་གསེར་གྱི་གཟེངས་རྟགས་མ་ཐོབ་པ་ཡོད་པ་དང་། ཨོའསི་ཊརེ་ལི་ཡའི་རྩེད་འགྲན་པ་Jemima Montag ལགས་ལ་ཨ་གཉིས་པ་ཐོབ་སྟེ་དངུལ་གྱི་གཟེངས་རྟགས་ཐོབ་པ་དང་། བོད་པའི་རྩེད་འགྲན་པ་གྲགས་ཅན་ཆོས་དབྱིངས་སྐྱིད་ལགས་ལ་ཨང་གསུམ་པ་ཐོབ་སྟེ་ཟངས་ཀྱི་རྟགས་མ་ཐོབ་འདུག
་ཆོས་དབྱིངས་སྐྱིད་ལགས་ལ་ད་རེས་ཙམ་མ་ཡིན་པར་རྟགས་མ་མང་པོ་ཐོབ་མྱོང་ཡོད་ཅིང་། འདི་ལོའི་ཕྱི་ཟླ་བཞི་པའི་ཚེས་༢༣་ཉིན་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་སོ་ལོ་ཝེ་ཀི་ཡའི་ནང་འདུར་རྒྱུག་ཀི་ལོ་མི་ཀྲར་༣༥ཡི་འགྲན་བསྡུར་གནང་སྐབས་དུས་ཡུན་སྐར་མ་༤༣་དང་སྐར་ཆ་༦་ནང་འདུར་རྒྱུག་གནང་ཐུབ་པ་བྱུང་སྟེ་རྩེད་འགྲན་པ་༤༤་པའི་ཁྲོད་ནས་ཨང་དང་པོ་ཐོབ་སྟེ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་པ་རེད།
ཡང་དེ་སྔོན་ཕྱི་ལོ་༢༠༡༢ལོའི་ལོན་ཌོན་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་བུད་མེད་འདུར་རྒྱུག་ཁྲོད་ཨང་དང་པོ་ལེན་མཁན་ར་ཤི་ཡའི་བུད་མེད་Elena Lashmanova་ནས་ངར་སྐྱེད་སྨན་རྫས་འཐུང་པའི་གནས་ཚུལ་རྩད་ཞིབ་བརྒྱུད་ཁོང་མོ་རང་ཉིད་ནས་ཀྱང་ངོས་ལེན་བྱས་རྗེས། ཁོ་མོའི་ཕྱི་ལོ་༢༠༡༢ལོ་དང་ཕྱི་ལོ་༢༠༡༤ལོའི་འགྲན་བསྡུར་རིམ་པའི་ཁྲོད་བྱ་དགའ་བླངས་བ་ཚང་མ་ཕྱིར་བསྡུ་བྱས་པར་བརྟེན། ད་ལྟ་དོན་དངོས་ཐོག་ཨོ་ལིམ་པིཀསི་རྩེད་འགྲན་ཁྲོད་ཆོས་དབྱིངས་སྐྱིད་ལགས་ནི་བོད་མི་ཞིག་མཉམ་ཞུགས་གནང་བ་ཐོག་མ་དང་། གསེར་གྱི་རྟགས་མ་ལེན་མཁན་ཐོག་མ་དེའང་ཆགས་ཀྱི་ཡོད་པ་རེད།
ཆོས་དབྱིངས་སྐྱིད་ལགས་ནི་ཕྱི་ལོ་༡༩༩༠ལོར་མདོ་སྨད་མཚོ་སྔོན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་སྡེ་བ་རུ་སྐྱེས་ཤིང་། དེ་སྔོན་བྷེར་ཛལ་དང་ཉི་ཧོང་ནང་འཚོགས་པའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་ཏེ་སོ་སོར་ཨང་རིམ་ལྔ་བ་དང་བདུན་པ་བླངས་མྱོང་ཡོད་འདུག།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎