བོད་ཀྱི་གནད་དོན་ཐོག་གུ་ཡངས་གི་རྣམ་པ་མི་འདུག
2013.01.22

དེ་ཡང་ཨ་མི་རི་ཀའི་བདུན་རེའི་གསར་ཤོག Examiner གྱི་གསར་འགོད་པ་ Harold Mandel གྱིས་གནས་ཚུལ་སྤེལ་བའི་ནང་། བོད་མི་རྣམས་ཀྱིས་མུ་མཐུད་ནས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་བརྒྱུད་ནས་རྒྱ་གཞུང་ལ་ངོ་རྒོལ་དང་། བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཐོག་ཐུགས་སྣང་འགུག་ཐབས་འབད་བརྩོན་ཤུགས་ཆེ་གནང་ཡོད་ཀྱང་། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་མེར་བསྲེག་བཏང་མཁན་རྣམས་ཀྱི་གྲོགས་པོ་དང་། གཞན་འབྲེལ་བ་ཡོད་པའི་མི་སྣ་རྣམས་འཛིན་བཟུང་དམ་དྲག་དང་། ཕྱི་རྒྱལ་ནས་རྒྱང་བསྲིངས་བྱས་པའི་རླུང་འཕྲིན་དང་། བརྙན་འཕྲིན་བཀག་འགོག་ཆེད་འཁོར་སྐར་འཕྲུལ་ཆས་བཙན་འཕྲོག་བྱས་པ་སོགས་ཀྱི་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་གསར་པ་རྣམས་ཀྱིས་བོད་ཀྱི་གནད་དོན་ཐོག་གུ་ཡངས་དུ་གཏོང་རྒྱུའི་གྲ་སྒྲིག་མེད་པ་འཁོད་འདུག ད་དུང་རྒྱ་གཞུང་གིས་བརྙན་འཕྲིན་བརྒྱུད་ནས་བོད་ནང་མེ་བསྲེག་གི་དོན་རྐྱེན་དེ་ཚོ་ཕྱི་ཕྱོགས་ནས་རྒྱ་ནག་ལ་མ་དགའ་མཁན་ ཁ་བྲལ་ཤོག་ཁག་གིས་བརྒྱུད་སྐུལ་བྱས་པའི་སྐོར་ཕྱིར་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་འཁོད་འདུག