བོད་ཀྱི་ཆོས་དང་རིག་གཞུང་ལ་དྲག་གནོན་བྱེད་བཞིན་ཡོད་པ།

རྒྱ་མི་རིགས་རྩོམ་པ་པོ་ཞིག་ནས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་ལུགས་དང་རིག་གཞུང་ཐོག་དྲག་གནོན་བྱེད་ཀྱི་ཡོད་པའི་སྐོར་གསུང་ཡོད་པ་རེད་

2008.09.26

༄༅༎དེ་ཡང་རྒྱ་རིགས་བེུད་རྩོམ་པ་པོ་ཀྲུ་རུའེ་ནས་ཨི་པོཀ་ཀྲའེམ་སེ་ཞེས་པའི་གསར་འགྱུར་བརྒྱུད་ལམ་གྱི་འདྲི་བར་ལན་འདེབས་བྱེད་པའི་སྐབས་གསུང་ན། བོད་མིའི་ནང་ཆོས་དེ་བཞིན་བོད་མི་མང་ཆེ་བའི་དད་ཞེན་བྱེད་སའི་ཆོས་ལུགས་ཤིག་ཡིན་པ་དང་། རྒྱ་ནག་གི་རྩ་ཀྲིམས་ནང་སྤྱི་འབངས་ཀྱིས་ཆོས་ལུགས་གང་འདྲ་ཞིག་ལ་དད་པ་བྱེད་ཆོག་པ་དང་དེར་སྲུང་སྐྱོབས་བྱེད་རྒྱུའི་སྐོར་གསལ་པོ་འཁོད་ཡོད་ན་ཡང༌། ཁྲིམས་ལུགས་དེ་བོད་ནང་ལག་བསྟར་བྱེད་ཀྱི་མེད་པ་དང་མི་མང་པོར་རང་ཉིད་ཀྱིས་འདོད་མོས་བཞིན་ཆོས་ལུགས་ལ་དད་པ་བྱེད་པའི་ཐོབ་ཐང་མེད་པའི་སྐོར་གསུང་ཡོད་པ་རེད་ ཡང་རྩོམ་པ་པོ་ཀྲུའུ་རུའེས་ནས་རྒྱ་ནག་གཞུང་གིས་ཉེ་དུས་བོད་ནང་གྲ་པ་དང་བཙུན་མ་བྱ་རྒྱུར་ལོ་ཚད་བཟོས་ནས་ལོ་བཅོ་བརྒྱད་ཡན་མ་གཏོགས་དགོན་པའི་ནང་གྲ་པ་དང་བཙུན་མ་བཟོ་མི་ཆོག་པའི་སྲིད་ཇུས་གཏན་འབེབས་བྱས་ཡོད་ཅིང་། ཡིན་ནའི་བོད་ཀྱི་ལོ་རྒྱུས་ཐོག་གྲ་སར་འཛུལ་བཞུགས་བྱ་རྒྱུར་ལོ་ཚད་མེད་པའི་ཁར། དགོན་པའི་ནང་གྲ་སར་བཞུགས་པའི་རྗེས་ཆོས་ལུགས་བྱེད་སྒོ་གཅིག་པུ་མིན་པར་ དགོན་སྡེ་ཁག་ནང་དགེ་འདུན་པ་ཚོར་ཆོས་དང་རིག་གཞུང་ ཚན་རིག་སོགས་ཕྱོགས་མང་པོ་ཞིག་གི་ཤེས་བྱ་ཡོན་ཏན་སྦྱང་བརྩོན་བྱ་རྒྱུའི་གོ་སྐབས་ཡོད་པ་དང་ཡིན་ནའི་ད་ཆ་རྒྱ་ནག་གཞུང་གིས་དགོན་སྡེ་ཁག་ནང་དམར་པོའི་རིག་པའི་གཞུང་ལུགས་དང་དེ་བཞིན་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་དོན་སྤེལ་ནས། དགེ་འདུན་པ་ཚོས་རྒྱ་ནག་གཞུང་ཕྱོགས་ཀྱིས་སྤེལ་བའི་ལས་འགུལ་དེ་ཚོ་ཡིག་རྒྱུགས་འཁྱོལ་བ་བྱེད་དགོས་ཀྱི་ཡོད་པ་དང༌། གལ་སྲིད་ཡིག་རྒྱུགས་མ་འཁྱོལ་ཚེ་དགོན་སྡེ་ཁག་ནས་ཕྱིར་འབུད་བྱེད་ཀྱི་ཡོད་པ་སོགས་རྒྱ་ནག་གཞུང་ཕྱོགས་ནས་བོད་མི་ཚོའི་ཆོས་ལུགས་རང་དབང་གི་ཐོབ་ཐང་ཐོག་བཙན་གནོན་ཤུགས་ཆེ་བྱེད་ཀྱི་ཡོད་པའི་སྐོར་ལུང་འདྲེན་གནང་ནས་འགྲེལ་བརྗོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎