གོང་ཏུང་ཞིང་ཆེན་དུ་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་བཞིན་པ།

རྒྱ་ནག་གོང་ཏུང་ཞིང་ཆེན་དབུའུ་ཁན་གྲོང་ཚོའི་གྲོང་མི་ཚོས་ངོ་རྒོལ་རྔམ་སྟོན་ལས་འགུལ་བསྐྱར་དུ་སྤེལ་བཞིན་ཡོད་པ་རེད།

2011.12.14

༄༅༎རྒྱ་ནག་གོང་ཏུང་ཞིང་ཆེན་དབུའུ་ཁན་གྲོང་ཚོའི་གྲོང་མི་ཞིག་གཟའ་ཉི་མའི་ཉིན་ས་གནས་དེའི་བཀག་སྡོམ་ཁང་ནང་བཀག་སྡོམ་བྱེད་པའི་རིང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་བའི་རྗེས་ ས་གནས་གྲོང་མི་ཚོས་ངོ་རྒོལ་རྔམ་སྟོན་ལས་འགུལ་སྐྱར་དུ་སྤེལ་བཞིན་ཡོད་པ་དང་ རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་དེ་རྒྱ་སྐྱེད་འགྲོ་རྒྱུར་ཞེད་སྣང་གིས་ས་གནས་དེའི་ནང་ཕར་འགྲོ་ཚུར་འོང་ཚང་མ་བཀག་སྡོམ་བྱས་ཡོད་ཅིང་ ས་གནས་མང་ཚོགས་ཚོས་ངོ་རྒོལ་སྐད་འབོད་བྱས་པའི་བརྙན་འཕྲིན་ཐུང་ངུ་ཞིག་དྲ་རྒྱའི་ཐོག་ནས་མཐོང་རྒྱུ་ཡོད་པ་དེའི་ནང་ ས་གནས་གྲོང་མི་ཚོས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གྱི་འབོད་ཚིག་ཤུགས་ཆེ་སྒྲོག་བཞིན་ཡོད་པ་དང་ ཡིན་ནའི་ས་གནས་དཔོན་རིགས་ནས་སྦི་སྦི་སེའི་གསར་འགྱུར་བརྒྱུད་ལམ་གྱིས་ས་གནས་དེའི་ནང་ངོ་རྒོལ་གྱི་ས་གནས་སྐོར་སྐད་ཆ་དྲིས་པའི་སྐབས་ས་གནས་ནང་ཟང་ཟིང་གི་དོན་རྐྱེན་རིགས་རྩ་བ་ནས་མེད་ལུགས་བཤད་ཡོད་འདུག
ས་གནས་གྲོང་མི་ཚོས་བརྗོད་པ་ལྟར་ན་ ས་གནས་དེའི་མང་ཚོགས་ཀྱིས་ངོ་རྒོལ་རྔམ་སྟོན་བྱེད་དགོས་དོན་གཙོ་བོ་ནི་ ས་གནས་དཔོན་རིགས་ཀྱིས་ལོ་མང་རིང་ ས་གནས་ཞིང་པ་ཚོའི་ས་ཞིང་གང་བྱུང་བེད་སྤྱོད་བྱས་ནས་ ཁོང་ཚོར་དགོས་ངེས་ཀྱི་ཐོབ་ཆ་སྤྲོད་ཀྱི་མེད་པའི་གནས་སྟངས་འོག་ངོ་རྒོལ་རྔམ་སྟོན་གྱི་ཐབས་ལམ་ལ་བརྟེན་ནས་ རང་ཉིད་ཀྱི་ཐོབ་ཐང་སྲུང་སྐྱོབས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པའི་སྑོར་བརྗོད་ཡོད་འདུག ད་རེས་རྒྱ་ནག་གོང་ཏུང་ཞིང་ཆེན་དབུའུ་ཁན་གྲོང་ཚོའི་ནང་གྲོང་མི་ཚོའི་ངོ་རྒོལ་རྔམ་སྟོན་གྱི་འབྱུང་གཞི་དེ་ཡང་ ད་ལོ་ཕྱི་ཟླ་དགུ་པའི་ཚེས་༢༡ཉིན་ས་གནས་མི་མང་ཚོས་ས་གནས་དེའི་དཔོན་རིགས་ཀྱིས་ལྐོག་ཟ་རུལ་སུངས་བྱས་ནས་ཞིང་པར་དགོས་ངེས་ཀྱི་ཐོབ་ཆ་སྤྲོད་ཀྱི་མེད་པའི་རྐྱེན་གྱིས་ངོ་རྒོལ་རྔམ་སྟོན་བྱས་ནས་ དེའི་སྐབས་ཉེན་རྟོག་པ་དང་ས་གནས་མི་མང་དབར་གདོང་ཐུག་བྱུང་ནས་ཉེན་རྟོག་པའི་མོ་ཊར་གཏོར་སྐྱོན་ཕོག་པའི་འོག་ས་གནས་མི་སེར་ཁག་གཅིག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་ ཁོང་ཚོའི་ཁྲོད་ནས་ས་གནས་ཡུལ་མི་ཤོལ་མན་ཕོའོ་བཀག་ཉར་བྱེད་པའི་རིང་རྐྱེན་འདས་སུ་ཕྱིན་པའི་རྐྱེན་གྱིས་ད་རེས་ས་གནས་མི་མང་ཚོས་ངོ་རྒོལ་གྱི་རྔམ་སྟོན་དོན་རྐྱེན་དེ་བྱུང་བ་ཞིག་ཡིན་པ་དང་ དོན་རྐྱེན་དེ་བྱུང་རྗེས་རྒྱ་ནག་གཞུང་ཕྱོགས་ནས་རང་ཕྱོགས་ཀྱིས་དེའི་སྐོར་དྲིལ་བསྒྲགས་བྱས་པ་ལས་ དྲ་རྒྱའི་ཐོག་གནས་ཚུལ་བཀོད་རྒྱུར་བཀག་སྡོམ་ནན་པོ་བྱས་པ་མ་ཟད་ ས་གནས་ཡུལ་མི་ཚོ་ཕྱིར་བསྐྱོད་རྒྱུར་ཡང་བཀག་སྡོམ་བྱེད་བཞིན་ཡདོ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎