ཞི་ཅིན་ཕིང་གི་བསམ་བློ་ཟེར་བ་སློབ་ཁྲིད།


2017.10.30
རྒྱ་ནག་དམར་ཕྱོགས་ཚོགས་པའི་འགོ་ཁྲིད་གསར་པ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནས་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཚོགས་ཆེན་ཐེངས་༡༩པའི་ཐོག་གཏམ་བཤད་བྱེད་བཞིན་པ།
ཨེ་ཨེཕ་པི།

རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་ཏུ་ཞི་ཅིན་ཕིང་གི་བསམ་བློ་ཟེར་བ་སློབ་ཁྲིད་དང་ཞིབ་འཇུག སྐུལ་སྤེལ་བཅས་བྱས་ཏེ་རྒྱལ་ཁབ་དེའི་འགོ་ཁྲིད་ཀྱི་མིང་དྲངས་བའི་རིག་པའི་གཞུང་ལུགས་དེ་སློབ་མ་རྣམས་ཀྱི་སེམས་དང་ཀླད་པར་འཇགས་ཐབས་བྱ་རྒྱུ་ཡིན་འདུག
ད་ལྟ་ཉུང་མཐར་ཡང་རྒྱ་ནག་གི་སློབ་ཆེན་༢༠ཙམ་གིས་ཞི་ཅིན་ཕིང་གི་བསམ་བློའི་ཞིབ་འཇུག་སློབ་གཉེར་ཁང་གསར་འཛུགས་བྱས་ཡོད་ཅིང་། ཉེ་ཆར་ཚོགས་ཆེན་༡༩པའི་སྐབས་སུ་ཞི་ཅིན་ཕིང་གི་བསམ་བློ་ཟེར་བ་དེ་རྒྱ་ནག་གུང་ཁྲན་ཚོགས་པའི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་ཡོད་པ་རེད།
དེ་ལྟར་བྱས་པ་དེས་ཞི་ཅིན་ཕིང་ནི་རྒྱ་ནག་གི་འགོ་ཁྲིད་མཆོག་ཏུ་གྱུར་བ་ཞིག་ཡིན་པ་སྟོན་ཐབས་བྱེད་བཞིན་ཡོད་སྐོར་ཧྥི་རན་སིའི་གསར་ལས་ཁང་གི་གནས་ཚུལ་ནང་བཀོད་འདུག
གཟའ་ཉི་མར་རྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་བའི་ནང་། ཆེད་དུ་བཙུགས་པའི་སློབ་གཉེར་ཁང་དེ་དག་གིས་ཞི་ཅིན་ཕིང་གི་བསམ་བློ་ཟེར་བ་དེ་ཉར་ཚགས་བྱ་རྒྱུ་མ་ཡིན་པར་མི་རབས་གསར་པ་རྣམས་ཀྱིས་དེར་ཡིད་ཆེས་དང་གུས་བརྩི་ཡོང་ཐབས་སུ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཁ་འདོན་བཞིན་འགྱུར་དགོས་ཡོད་ལུགས་བཀོད་འདུག
རྒྱ་ནག་གི་མི་མང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཁྲིན་ཞན་ཏཱ་ཡིས་གསར་དུ་བཙུཊ་པའི་ཞིབ་འཇུག་སློབ་གཉེར་ཁང་དེར་གཞན་དང་མི་མཚུངས་བའི་འགན་ཁུར་ཞིག་ཡོད་པ་ནི་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་འཛིན་གྲྭའི་ནང་དང་སེམས་ནང་འཇགས་ཐབས་བྱ་རྒྱུ་དེ་ཡིན་ཞེས་གསར་འགོད་པར་བཤད་འདུག
གཟའ་ཟླ་བར་རྒྱ་ནག་སློབ་གསོའི་བློན་ཆེན་གྱིས་སློབ་ཆུང་ནས་མཐོ་འབྲིང་བར་གྱི་སློབ་གྲྭ་ཁག་ཏུ་དམིཊ་བསལ་གུང་ཁྲན་ཚོགས་པར་དགའ་ཞེན་ཡོང་ཐབས་ཀྱི་སློབ་ཚན་ངེས་པར་དུ་གོ་སྒྲིག་བྱ་དགོས་པའི་བཀོད་འདོམས་བྱས་ཡོད་འདུག
གསར་འགོད་པ་རྡོ་རྗེ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎