རྒྱ་རིགས་འབྱོར་ལྡན་པ་ཞིག་དང་ཁོང་གི་རོགས་པ་བཞི་ལ་སྲོག་ཁྲིམས།


2015.02.10
རྒྱ་ནག་གིས་རྒྱ་རིགས་འབྱོར་ལྡན་པ་Liu Han རྒྱ་ནག་གིས་རྒྱ་རིགས་འབྱོར་ལྡན་པ་Liu Han
ImagineChina

རྒྱ་ནག་གིས་རྒྱ་རིགས་འབྱོར་ལྡན་པ་Liu Han་དང་ཁོང་གི་རོགས་པ་བཞི་ལ་སྲོག་ཁྲིམས་བཅད་པ་བསྒྲགས་འདུག
དེ་ཡང་རྒྱ་ནག་དབུས་གཞུང་གི་ཁྲིམས་ཁང་གིས་གནས་ཚུལ་འགྲེལ་བརྗོད་བྱས་ཡོད་པར། Liu Hanཟེར་བའི་རྒྱ་རིགས་ཟི་ཁྲོན་ཧན་ལུང་ཚོགས་པའི་སྤྱི་ཁྱབ་དང་། ཨ་མི་རི་ཁ་དང་ཨོ་སེ་ཁྲོལ་ལེ་ཡ་སོགས་སུ་གཏེར་ཁ་སྔོག་འདོན་བྱེད་མཁན་བཟོ་ཚོང་ལས་ཁང་དང་ཚོང་འབྲེལ་ཆེ་ཤོས་བྱེད་མཁན་གྱི་ཚོང་པ་འབྱོར་ལྡན་པ་ཞིག་ཡིན་པ་དེས། གང་བྱུང་ཁྲིམས་འགལ་གྱི་ནག་ཚོགས་བཙུགས་ནས་རང་གི་ཁ་གཏད་ལྐོག་གསོད་བཏང་བ། ཁྲིམས་འགལ་ནག་ཚོང་རྒྱབ་པ། དེ་བཞིན་ཁོ་པའི་མིང་གི་ཐོག་རྒྱན་རྩེད་ཁང་ཆེད་བཙུགས་བྱས་ཡོད་པ་སོགས་ཀྱི་གནས་སྟངས་འོག ཁོ་པས་ཁྲིམས་འགལ་གྱི་ལས་ངན་མང་པོ་བསགས་པའི་རྐྱེན་གྱིས་ཁོ་པ་དང་ཁོ་པའི་རོགས་པ་མི་བཞི་བཅས་ལ་ད་རེས་གཞུང་གི་ཁྲིམས་ཁང་གིས་ཉེས་ཆད་སྲོག་ཐོག་བཏང་ཡོད་པའི་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་རེད།
ཉེན་རྟོག་པས་ཁོ་པའི་ས་གནས་ནས་ལག་སོན་ཐུབ་པའི་དངོས་ཆས་ཀྱི་གྲས་སུ་འབར་རྫས་དང་། མེ་མདའ་སྦག་སྦག དེ་བཞིན་གྲི་སོགས་ཀྱི་གོ་མཚོིན་མང་པོ་ལག་སོན་བྱུང་ཡོད་པ་མ་ཟད། རྣམ་ཀུན་ནས་ལིའུ་ཧན་གྱིས་འཛམ་གླིང་ནང་གི་མི་ཊར་སྣུམ་འཁོར་གོང་ཆེ་ཤོས་ཕྷ་ར་རི་དང། རོལ་སེ་རུལ་སེ་སོགས་ཐེ་བའི་འགྲུལ་འཁོར་བརྒྱ་བསྐོར་ཙམ་ཞིག་བདག་ཏུ་བཟུང་ཡོད་པ་སོགས་ཀྱི་གནས་ཚུལ་ཉེན་རྟོག་པས་འགྲེལ་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་ནང་བར་ལམ་སྲིད་འཛིན་ཞི་ཅིན་ཕེན་གྱི་བཀའ་བཀོད་འོག་དཔལ་འབྱོར་ལྐོག་ཟ་རུལ་སུངས་དང་། ཁྲིམས་འགལ་བྱེད་མཁན་ཚོར་ཞིབ་དཔྱོད་ནན་པོ་བྱེད་པའི་ལས་འགུལ་གྱི་ནང་ཤེས་རྟོག་བྱུང་བ་ཞིག་ཡིན་པའི་སྐོར་གནས་ཚུལ་འཁོད་འདུག

གསར་འགོད་པ་ཕྲེང་རིང་བསྟན་འཛིན་ནོར་བུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎