རྒྱ་ནག་ཁྲེང་ཏུར་རྒྱ་བོད་སློབ་ཕྲུག་བར་འཁྲུག་འཛིང་ཤོར་བ།

འབྲིང་རིམ་སློབ་གྲྭའི་ནང་བོད་རིགས་སློབ་མ་དང་རྒྱ་རིགས་སློབ་མའི་བར་འཁྲུག་འཛིང་ཤོར་ཏེ་སློབ་ཕྲུག་མང་པོར་རྨས་སྐྱོན་ཕོག་ཡོད་འདུག

2011.12.16

༄༅༎རེས་གཟའ་ལྷག་པའི་དགོང་མོ་ཟི་ཁྲོན་ཁྲིན་ཏུའུ་ལྕགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་ནང་བོད་རིགས་སློབ་མ་དང་རྒྱ་རིགས་སློབ་མའི་བར་འཁྲུག་འཛིང་ཤོར་ཏེ་སློབ་ཕྲུག་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད་བཞག
ཕྱི་ཚེས་ ༡༤ ཉིན་གྱི་དགོང་མོ་ཟི་ཁྲོན་ཁྲིན་ཏུའུ་ལྩགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་ནང་རྒྱ་རིགས་སློབ་མ་དང་བོད་རིགས་སློབ་མའི་བར་འཁྲུག་འཛིང་ཤོར་ཡོད་པ་དང་  རྒྱ་རིགས་སློབ་མ་སྟོང་ཕྲག་ ༢ ལྷག་གིས་སློབ་གྲྭ་དེ་གའི་བོད་རིགས་སློབ་བུའི་ཉལ་ཁང་ ༡ ནས་ ༣ བར་མཐའ་བསྐོར་ཏེ་བོད་རིགས་སློབ་ ༢༠༠ ལྷག་ཁང་པའི་ནང་དུ་བཅུགས་རྗེས་མཚན་གང་རིང་་རྡོ་དང་གཡུགས་པ་ ཤེལ་དམ་  གྲི་སོགས་ལག་ཆ་འདྲ་མིན་སྤྱད་དེ་ཉལ་ཁང་གི་སྒོ་དང་སྒེའུ་ཁུང་ཡོངས་རྫོགས་གཏོར་བཅོམ་དང་ བོད་རིགས་སློབ་མ་ཚོར་རུབ་རྡུང་བྱས་ཏེ་སློབ་མ་མང་པོར་རྨ་བཟོས་ཡོད་པར་མ་ཟད་སློབ་མ་རེ་འགར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་འདུག
འཁྲུག་ཟིང་དོན་རྐྱེན་དེ་བཀག་འགོག་ཆེད་ས་གནས་རྒྱ་གཞུང་གིས་ཉེན་རྟོག་པ་བརྒྱ་སྐོར་ཞིག་སློབ་གྲྭའི་ནང་བཏང་ཡོད་ནའང་རྒྱ་རིགས་སློབ་མ་དང་ཉེན་རྟོག་པས་ཕན་ཚུན་ངན་འབྲེལ་རྒྱབ་ལངས་བྱས་པར་བརྟེན་འཁྲུག་འཛིང་དུས་ཐོག་བཀག་འགོག་བྱུང་མེད་པར་མ་ཟད་རྒྱ་རིགས་སློབ་མ་ཡོངས་ཀྱིས་གཅིག་གྱུར་གྱི་སྒོ་ནས་སློབ་གྲྭའི་སྒྲིག་ཆས་གྱོན་དེ་དཔུང་སྒྲིག་དགོས་པའི་དྲིལ་བསྒྲགས་དང་ “ བོད་རིགས་ཚོར་རྡུང་རྡེག་བྱོས ” སོགས་ཀྱི་སྐད་འབོད་ཀྱང་བྱས་འདུག་ ད་དུང་བོད་རིགས་སློབ་མའི་འཛིན་ཁང་གི་སྒོ་གཏོར་ཏེ་སྒྲོག་ཙེ་དང་རྐུབ་སྟེགས་སོགས་ནང་གི་ཅ་དངོས་ཡོངས་རྫོགས་གཏོར་བཅོམ་བྱས་ཡོད་འདུག་  གནས་ཚུལ་ཛ་དྲག་ཏུ་ཕྱིན་རྗེས་རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་པ་ ༡༠༠༠ ཙམ་ཆེད་གཏོང་བྱས་ཏེ་སློབ་མའི་འཁྲུག་འཛིང་འདུ་འཛོམས་ཁྲོད་མིག་སྒྲིབ་ཆེད་དུག་རླངས་སོགས་བརྒྱབ་སྟེ་ཞི་འཇམ་བཟོས་ཐུབ་པ་བྱུང་འདུག་  ཡིན་ནའང་རྒྱ་རིགས་སློབ་མ་ཚོས་ཉེན་རྟོག་པ་དང་ དགེ་རྒན་ ལས་བྱེད་སོགས་ཀྱི་རླངས་འཁོར་མང་པོ་བཅོམ་སྟེ་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད་ལ་ས་གནས་ཉེན་རྟོག་པས་བཀའ་སྡོམ་བྱེད་མིན་ལ་མ་ལྟོས་པར་རྒྱ་བོད་སློབ་མ་གཉིས་དབར་གྱི་འཁྲུགས་འཛིན་ཉིན་རྗེས་མར་མུ་མཐུད་བྱུང་འདུག
གོང་ཞུས་རྒྱ་བོད་སློབ་མའི་བར་འཁྲུག་འཛིང་འབྱུང་རྐྱེན་གཙོ་བོ་ནི་རྒྱ་རིགས་སློབ་མ་རྣམས་ཀྱིས་རྒྱ་གཞུང་གི་དྲིལ་བསྒྲགས་ལྟར་དུས་རྒྱུན་བོད་རིགས་རྣམས་ནི་རྗེས་ལུས་ཡིན་པའི་ལྟ་ཚུལ་བཟུང་སྟེ་བོད་རིགས་སློབ་མ་ཚོར་མཐོང་ཆུང་དང་ལྟ་སྟངས་ངན་པ་བཟུང་བ་དང་ བོད་རིགས་སློབ་མ་ཚོས་རྒྱ་རིགས་སློབ་མའི་མཐོང་ཆུང་གི་རྣམ་འགྱུར་དེར་བཟོད་སྒོམ་བྱེད་མ་ཐུབ་པར་སྐབས་རེ་རྒྱ་རིགས་སློབ་མ་ཚོར་རྡུང་རྡེག་གཏོང་བཞིན་པར་བརྟེན་རིམ་གྱིས་རྒྱ་བོད་སློབ་མའི་བར་འཁོན་སེམས་ཆེ་རུ་གྱུར་ཏེ་ད་ཐེངས་ཀྱི་རྒྱ་བོད་སློབ་མའི་འཁྲུག་འཛིང་དོན་རྐྱེན་དེ་བྱུང་བ་ཞིག་ཡིན་པར་གནས་ཚུལ་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད་ ཟི་ཁྲོན་ཁྲིན་ཏུའུ་ལྕགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་ནང་ཁྱོན་བསྡོམས་རྒྱ་རིགས་སློབ་མ་སྟོང་ཕྲག་ ༣༠༠༠ ལྷག་དང་ བོད་རིགས་སློབ་མ་ ༣༠༠ ཙམ་ཡོད་པ་རེད་ སློབ་གྲྭ་དེ་གར་ཡོད་པའི་བོད་རིགས་སློབ་མ་རྣམས་ནི་དེང་སྐབས་རྒྱ་གཞུང་གིས་བོད་རིགས་འཛིན་གྲྭ་ཞེས་པའི་མིང་ཐོག་ནས་རྒྱའི་ནང་ལོག་ས་ཁུལ་ཁག་ནང་བོད་རིགས་སློབ་མ་སྡེབས་གཏོང་བྱེད་ཡོད་པའི་ལས་གཞི་ལྟར་བཏང་བ་ཞིག་ཡིན་པ་སོགས་ཀྱི་གནས་ཚུལ་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎