རྒྱ་ནག་སྲིད་བློན་དང་ཐའེ་ལེན་ཌིའི་སྲིད་བློན་བར་མཇལ་འཕྲད།

རྒྱ་ནག་གི་སྲིད་བློན་ནས་ཐའེ་ལེན་ཌི་བར་གྱི་མཛའ་གྲོགས་ཀྱི་འབྲེལ་ལམ་དང་མཉམ་ལས་ཀྱི་ལས་དོན་ཐོག་ལ་བསྔགས་བརྗོད་གནང་ཡོད་པ་རེད།

2009.10.25

༄༅༎ཐའེ་ལེན་ཌི་དུ་ཚོགས་པའི་ལྷོ་ཤར་ཨེ་ཤེ་ཡའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འདུའི་ཟུར་དུ་ཐའེ་ལེན་ཌིའི་སྲིད་བློན་དང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་གཉིས་མཇལ་འཕྲད་ཀྱིས་ཕྱོགས་གཉིས་བར་གྱི་མཛའ་གྲོགས་ཀྱི་འབྲེལ་ལམ་དང་མཉམ་ལས་ཀྱི་ལས་དོན་ཐོག་ལ་བསྔགས་བརྗོད་གནང་ཡོད་པ་རེད།

ལོ་རྗེས་མའི་ནང་ཐའེ་ལེན་ཌི་དང་རྒྱ་ནག་ཡུལ་གྲུ་གཉིས་བར་ལ་ཕྱི་འབྲེལ་གྱི་འབྲེལ་ལམ་བཙུགས་ཏེ་མི་ལོ་སུམ་ཅུ་སོ་ལྔ་འཁོར་བའི་ལོ་འཁོར་དུས་དྲན་འཁེལ་གྱི་ཡོད་པར་བརྟེན་རྒྱ་ནག་ཕྱོགས་ནས་ཐའེ་ལེན་ཌི་དང་མཉམ་དུ་མཉམ་ལས་བྱེད་རྒྱུའི་གྲ་སྒྲིག་ཡོད་པ་དང་དེ་བཞིན་ཕྱོགས་གཉིས་བར་གྱི་ཐབས་ཇུས་ཀྱི་མཉམ་འབྲེལ་ལས་དོན་ཐོག་ལ་སྔར་བས་གོང་འཕེལ་ཡོང་ཐབས་སོགས་ལས་དོན་རིམ་པ་ཁག་ཐོག་ལ་ཡར་རྒྱས་གཏོང་རྒྱུའི་གྲ་སྒྲིག་ཡོད་པའི་རྣམ་པ་སྟོན་ཡོད་པ་རེད། དེ་ཡང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཡིས་ང་ཚོ་རྒྱལ་ཁབ་གཉིས་པོས་མ་འོངས་པར་རྒྱ་ནག་དང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུའི་བར་ལ་རང་དབང་གི་ཁྲོམ་རའི་ཁོར་ཡུག་སྐྲུན་པ་དང་ཕྱོགས་མང་པོའི་ཐོག་ལ་མཉམ་ལས་བྱེད་པ་སོགས་ཀྱི་ཁེ་ཕན་ཆ་ཚང་ལེན་ཏེ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཡང་གོང་མཐོར་གཏོང་ཐུབ་རྒྱུ་ཡིན་ཚུལ་དང་ཐའེ་ལེན་ཌི་གཞུང་གིས་ད་རེས་ལྷོ་ཤར་ཨེ་ཤེ་ཡའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འདུ་ལམ་ལྷོང་ཐུབ་པའི་ཕྱག་ལས་གནང་བར་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཡོད་ཅེས་བཤད་ཡོད་པ་རེད། དེར་ཐའེ་ལེན་ཌིའི་སྲིད་བློན་གྱིས་ཁོང་གི་རྒྱལ་ཁབ་ངོས་ནས་ཀྱང་རྒྱ་ནག་དང་མཉམ་འབྲེལ་གྱི་ལས་དོན། ཚོང་འབྲེལ། རི་ལིའི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞི། ཡུལ་སྐོར་སྤྲོ་འཆམ་པ་འཕེལ་རྒྱས་སོགས་ཀྱི་མཉམ་ལས་ཀྱི་གཞི་ཡུལ་ཁག་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ཐུགས་རེ་ཡོད་ལུགས་ཐའེ་ལེན་ཌི་ནང་དུ་རྒྱ་ནག་གི་ཚོང་གི་མ་རྩ་འཛུགས་འཇོག་བྱ་རྒྱུ་དགའ་བསུ་ཡོད་ལུགས་དང་ད་དུང་ཐའེ་ལེན་ཌི་ངོས་ནས་རྒྱ་ནག་དང་ལྷོ་ཤར་ཨེ་ཤེ་ཡའི་མཉམ་འབྲེལ་མཐུན་ཚོགས་ཀྱི་འབྲེལ་ལམ་ཡར་རྒྱས་ཡོང་ཐབས་དང་རྒྱལ་སྤྱི་དང་རྒྱལ་ཁབ་སོ་སོའི་ལས་དོན་གོང་འཕེལ་ཡོང་ཐབས་ཀྱི་ཆེད་དུ་རྒྱ་ནག་དང་མཉམ་ལས་ཀྱི་འབྲེལ་ལམ་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་འདུན་པ་ཡོད་ཚུལ་གསུངས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎