རྒྱ་རིགས་དཔོན་རིགས་ཐའེ་ལྦན་དུ་འཚམས་འདྲི་ཕྱིར་འཐེན།
2008.11.10
༄༅༎ད་རེས་ཉེ་ཆར་རྒྱ་ནག་གྲོས་མོལ་ལྷན་ཁང་གི་འགན་འཛིན་གྲན་ཡུན་ལིང་ཐའེ་ལྦན་ནང་དུས་ཡན་ཉིན་གྲངས་ལྡའི་རིང་འཚམས་གཟིགས་གནང་རིང་ཐའེ་ལྦན་མི་མང་གིས་ངོ་རྒོལ་ཤུགས་བྱས་ནས་ངོ་རྒོལ་བ་ཚོ་དང་ཉེན་རྟོག་པའི་དབར་གདོང་ཐུག་གི་འཁྲུག་རྩོད་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་རྒྱ་ནག་གི་དཔོན་རིགས་ལས་སྒྲུབ་པའི་སྐུ་ཚབ་ཚོགས་པ་ཁག་གཉིས་ཐའེ་ལྦན་ནང་འཚམས་གཟིགས་སུ་བསྐྱོད་རྒྱུའི་འཆར་གཞི་ཕྱིར་འཐེན་བྱས་པའི་སྐོར་ཐའེ་ལྦན་གྱི་དཔོན་རིགས་ནས་གཟའ་ཟླ་བའི་ཉིན་འགྲེལ་བརྗོད་གནང་བཞག
ཡིན་ནའང་ཐའེ་ལྦན་གྱི་གཞུང་འཛིན་གོ་མིན་ཏང་ཚོགས་པའི་མགྲིན་ཚབ་མ་གྲན་ཁྲུའུ་བྱུང་གིས་ཐའེ་ལྦན་ནང་གི་འཚམས་གཟིགས་ཕྱིར་འཐེན་བྱས་པའི་རྒྱ་ནག་གི་སྐུ་ཚབ་ཚོགས་པ་དེ་གཉིས་སུ་ཡིན་མིན་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་པ་དང་མགྲིན་ཚབ་མ་དེས་རྒྱ་ནག་དཔོན་རིགས་ཀྱི་སྐུ་ཚབ་ཚོགས་པ་དེ་གཉིས་ཐའེ་ལྦན་ནང་གི་འཚམས་གཟིགས་ཕྱིར་འཐེན་བྱེད་ཡས་དེ་ནི་གཅིག་བྱས་ནས་རྒྱ་ནགག་ཞུང་གི་བཀའ་བཞིན་ལག་བསྟར་བྱས་པ་ཞིག་ཡིན་སྲིད་པ་དང་ཡིན་ནའང་ཕྱོགས་གཞན་ནས་ཁོང་ཚོ་རང་ཉིད་ཀི་བདེ་འཇགས་ལ་ཉེན་ཚབས་ཡོང་རྒྱུར་ཞེད་སྣང་གིས་འཚམས་གཟིགས་ཕྱིར་འཐེན་བྱས་པ་ཞིག་ཡང་ཡིན་སྲིད་པའི་སྐོར་བརྗོད་ཡོད་འདུག ཐའེ་ལྦན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་གནས་ཚུལ་སྤེལ་བའི་ནང་ད་རེས་ཐའེ་ལྦན་ནང་འཚམས་གཟིགས་སུ་ཕེབས་རྒྱུའི་འཆར་གཞི་ཕྱིར་འཐེན་བྱེད་མཁན་གྱི་རྒྱ་ནག་དཔོན་རིགས་ཀྱི་སྐུ་ཚབ་ཚོགས་པའི་གྲས་ནས་གཅིག་རྒྱ་ནག་གྲུང་ཆིང་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཧོང་ཆི་ཕན་གྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་དེ་ཡིན་པ་དང་སྐུ་ཚབ་ཚོགས་པ་དེ་བཞིན་གཟའ་འཁོར་འདིའི་ནང་ཐའེ་ལྦན་དུ་ཕེབས་རྒྱུའི་འཆར་གཞི་ཡོད་ཀྱང་ད་ཆ་གནས་ཚུལ་ཁ་གསལ་གང་ཡང་མེད་ལུགས་འཁོད་ཡོད་པ་རེད།