པདྨ་རྫོང་དུ་དམ་དྲག་བྱེད་བཞིན་པ།


2014.01.04
ངོ་རྒོལ་བྱེད་མི་ཆོག་པའི་དྲིལ་བསྒྲགས། མགོ་ལོག་པདྨ་རྫོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅༎རྒྱ་ནག་གཞུང་གིས་བོད་མགོ་ལོག་པད་མ་རྫོང་གི་དགོན་སྡེ་ཁག་ལ་དཀའ་ངལ་ཡོད་ཚེ་རྒྱ་ནག་གཞུང་ཕྱོགས་ལ་ཞུ་དགོས་པ་ལས་ངོ་རྒོལ་དང་ཁྲོམ་བསྐོར་རིགས་མི་བྱེད་པའི་སྐུལ་མ་བྱེད་བཞིན་ཡོད་པའི་སྐོར་བོད་ནས་གནས་ཚུལ་མཁྱེན་རྟོགས་ཡོད་མཁན་ཞིག་གིས་འདི་གར་གནས་ཚུལ་ངོ་སྤྲོད་གནང་འདུག
གནས་ཚུལ་ངོ་སྤྲོད་གནང་མཁན་གྱི་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་མི་སྣ་ཁག་ཅིག་མགོ་ལོག་པད་མ་རྫོང་ཁུལ་དུ་གནས་པའི་དགོན་སྡེ་ཁག་ནང་ཡོང་ནས། དགོན་སྡེ་དང་དགེ་འདུན་པ། ས་གནས་མི་མང་བཅས་སུ་ཞིག་ལ་དཀའ་ངལ་དང་བསམ་ཚུལ་ག་རེ་ཡོད་ཀྱང་སྲིད་གཞུང་ལ་ཞུ་དགོས་པ་ལས། ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་མི་ཆོག་པའི་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་ཆེད་གཏོང་བྱས་པའི་མི་སྣ་ཚོས་ཁྱབ་བསྒྲགས་དོན་ཚན་ཉི་ཤུ་རྩ་ལྔ་ཡོད་པའི་ནང་།  པད་མ་རྫོང་ཁོངས་ཀྱི་དགོན་སྡེའི་དགེ་འདུན་ཚོ་གཞུང་གི་ལས་ཁུངས་སུ་ཡོང་དགོས་པའི་བཀའ་བཏང་ཡོད་ཀྱང་། ད་ལྟའི་ཆར་དགོན་སྡེའི་དགེ་འདུན་སུ་ཡང་འགྲོ་མཁན་བྱུང་མེད་པར་བརྗོད་འདུག
སྤྱིར་པདྨ་རྫོང་ཁོངས་སུ་མགོ་ལོག་ཁུལ་དང་། དམིགས་བསལ་པད་མ་རྫོང་གི་དྲག་ཆས་ཉེན་རྟོག་པས་ལྟ་རྟོག་དམ་དྲག་དང་། ཕར་འགྲོ་ཚུར་འོང་བྱ་རྒྱུར་དམ་དྲག་བཀག་སྡོམ་མུ་མཐུད་བྱེད་མུས་ཐོག །ད་ལྟའི་ཆར་མི་འཇུ་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་བྱུང་མེད་ཀྱང་། པད་མ་རྫོང་ཁོངས་ཀྱི་དགོན་སྡེའི་དགེ་འདུན་དང་།  སྡེ་པ་ཁག་གི་མི་མང་ཚོར་སློབ་གསོ་རྒྱབ་མཁན་ཟེར་བ་རྒྱ་ནག་གཞུང་ཕྱོགས་ཀྱི་ལས་བྱེད་མི་གྲངས་ཉིས་སྟོང་ཡས་མས་ཆེད་གཏོང་བྱས་སྟབས། དེ་ཚོས་ས་གནས་ཀྱི་དགོན་སྡེ་དང་སྡེ་པ་སོ་སོའི་ནང་བསྐྱོད་ནས་ཆབ་སྲིད་སློབ་གསོ་ཟེར་བ་བརྒྱབ་ནས་མི་མང་རྣམས་རྡབ་གསིག་དང་སུན་བཙིར་ཤུགས་ཆེར་བཟོ་བཞིན་ཡོད་འདུག།

གསར་འགོད་པ་བློ་བཟང་ཤེས་རབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎