ལིའུ་ཤའོ་ཕུའུ་བཟའ་ཟླ་ལིའུ་ཤའ་བཟང་བཙོན་དུ་བཞག་པ།
2010.10.13
༄༅༎རྒྱ་ནག་གི་བཙོན་འཇུག་དོ་དམ་འོག་ཡོད་པའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་གནང་མཁན་ལིའུ་ཤའོ་ཕུའུ་ཡི་བཟའ་ཟླས་ཁོ་རང་བཟང་བཙོན་འོག་བཞག་ཡོད་པར་སྐྱོན་བརྗོད་གནང་འདུག།
ཉེ་ལམ་རེས་གཟའ་པ་སངས་ཉིན་ནོ་བེལ་གཟེངས་རྟགས་ཚོགས་ཆུང་གིས་ལིའུ་ཤའོ་ཕུའུ་ལ་༢༠༡༠ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་གནང་རྒྱུའི་གསལ་བསྒྲགས་གནང་བའི་ཉིན་མོ་དེ་ནས་བཟུང་རྒྱ་ནག་གཞུང་གིས་ལིའུ་ཡི་བཟའ་ཟླ་ལིའུ་ཤའ་ཐོག་དམ་བསྒྲགས་བྱས་ཡོད་པ་རེད། ལིའུ་ཤའ་ཡིས་ཀྲུ་ལྦི་དྲ་རྒྱའི་ཐོག་ཁོ་མོའི་གནས་སྟངས་ཁག་པོ་ཡོད་པ་དང། རྒྱ་ནག་གཞུང་གིས་ཁོ་རང་ཁྲིམས་འགལ་བཟང་བཙོན་འོག་བཞག་ཡོད་པ་དེར་ཁོང་གི་ངོས་ནས་སྐྱོན་བརྗོད་ཤུགས་ཆེ་ཡོད་ཅེས་བཀོད་ཡོད་པ་རེད།
ཨ་མི་རི་ཀ་དང་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་གཉིས་ཀྱིས་རྒྱ་ནག་གཞུང་ལ་ལིའུ་ཤའོ་ཕུའུ་བཙོན་ཁང་ནས་གློད་བཀྲོལ་གཏོང་དགོས་རྒྱུ་དང་བཟའ་ཟླ་ལིའུ་ཤའ་རང་དབང་གི་སྒོ་ནས་ཕྱི་ལ་ཐོན་ཆོག་པའི་འབོད་སྐུལ་གནང་ཡོད་ནའང༌། རྒྱ་ནག་གཞུང་གིས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་གནང་བ་དེར་ངོ་རྒོལ་སྐྱོན་བརྗོད་ཀྱི་ཚུལ་དུ་བློན་ཆེན་རིམ་པའི་ལྷན་ཚོགས་ཤིག་མེད་པ་བཟོས་ཡོད་པ་མ་ཚད། ཟླ་བ་རྗེས་མ་རྒྱ་ནག་ནང་ནོར་ལྦེ་ཡུལ་གྱི་རོལ་དབྱངས་ཚོགས་པ་ཞིག་གིས་འཁྲབ་སྟོན་བྱ་རྒྱུའི་འཆར་གཞི་ཡོད་པ་དེའང་ཕྱིར་འཐེན་བྱས་ཡོད་པ་རེད།
ཁ་ས་ནོར་ལྦེ་ཡུལ་གྱི་ཕྱི་འབྲེལ་དཔོན་རིགས་གཉིས་ཀྱིས་ལིའུ་ཤའ་ཐུག་འཕྲད་གནང་བར་ཕེབས་ཡོད་ནའང༌། སྒོ་ཁ་ནས་བཏང་མེད་པ་རེད།
དངོས་གཞི་བྱས་ན་ལིའུ་ཤའ་ཡིས་ནོར་ལྦེ་ཡུལ་ལ་ཁོ་རང་གི་བཟལ་ཟླ་ལིའུ་ཤའོ་ཕུའུའི་ཚབ་བྱས་ནས་ནོ་བེལ་གཟེངས་རྟགས་ཞུ་བར་བསྐྱོད་ཐུབ་པའི་རེ་བ་གནང་བཞིན་ཡོད་པ་རེད།