རྒྱ་མིའི་ཚོང་པ་ཁག་ཅིག་ལྷ་ས་ནས་ཕྱིར་ལོག་བྱ་རྒྱུའི་རྣོ་བསམ།

བོད་ནང་ཡུལ་བསྐོར་སྤྲོ་འཆམ་ཡོང་མི་ཉུང་དུ་ཕྱིན་པའི་རྐྱེན་གྱིས་རྒྱ་མིའི་ཚོང་པ་ཁག་ཅིག་རྒྱ་ནག་ལ་ཕྱིར་ལོག་བྱ་རྒྱུའི་རྣོ་བསམ་གཏོང་གི་ཡོད་སྐོར།

2009.02.12

༄༅༎བོད་ནང་སྔར་ལོ་བོད་མིའི་ངོ་རྒོལ་གྱི་ལས་འགུལ་ནང་རྒྱ་མིས་དབང་བའི་ཚོང་ཁང་སོགས་མེར་བསྲེགས་བཏང་བའི་དོན་རྐྱེན་དང་རྗེས་སུ་སྤྱི་ཡོངས་སུ་བོད་ནང་ཡུལ་བསྐོར་སྤྲོ་འཆམ་ཡོང་མི་ཉུང་དུ་ཕྱིན་པ་དང་བོད་མིས་རྒྱ་རིགས་ཐད་འཛིན་པའི་ཁོང་ཁྲོའི་རྣམ་འགྱུར་བཅས་ཀྱིས་རྒྱུ་རྐྱེན་རིམ་པ་ཞིག་ལ་བརྟེན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་རྒྱ་མིའི་ཚོང་པ་ཁག་ཅིག་རྒྱ་ནག་ལ་ཕྱིར་ལོག་བྱ་རྒྱུའི་རྣོ་བསམ་གཏོང་གི་ཡོད་སྐོར་ཁ་ས་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་གནས་ཚུལ་ཞིག་སྤེལ་ཡོད་པ་རེད།

དེ་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཚོང་ལས་གཉེར་མཁན་རྒྱ་མིའི་ཁ་ཆེ་ཞིག་གིས་རོའུ་ཀྲར་གསར་འགོད་པར་གསུང་ན་ཚོང་ཡག་པོ་གཏན་ནས་མེད་པ་དང་མི་མང་ལ་དངུལ་དེ་སྔ་ནང་བཞིན་མེད་པའི་ཁར་འདི་ལོ་བོད་མི་མང་ཆེ་བས་ལོ་གསར་ཡང་གཏང་རྒྱུའི་འཆར་གཞི་བྱེད་ཀྱི་མེད་པས་སྔར་རྒྱུན་བཞིན་ཉོ་ཆ་ཡང་རྒྱབ་ཀྱི་མིན་འདུག་ཅེས་བོད་ཀྱི་ས་ཁུལ་ལ་ཚོང་ལས་གཉེར་བཞིན་པའི་རྒྱ་མིའི་ཚོང་པ་ཚོར་ཚོང་མེད་པའི་དཀའ་ངལ་གང་ཆེ་སྤྲད་བཞིན་པའི་གནས་སྟངས་ཤིག་ངོ་སྤྲོད་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་སྔར་ལོ་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ལ་དྲག་གནོན་བྱས་ཏེ་བོད་མི་ཆེས་མང་པོ་ཞིག་གི་ཚེ་སྲོག་བཅད་པ་དང་བརྒྱ་ཕྲག་མང་པོར་རྨས་སྐྱོན་དང་སྟོང་ཕྲག་མང་པོ་འཛིན་བཟུང་གིས་བཙོན་བཅུག་བྱས་པར་སོང་དྲག་གནོན་ཕོག་པའི་རང་གི་མི་མང་ལ་མྱ་ངན་ཞུ་ཆེད་རྒྱ་ནག་གཞུང་གིས་ཇི་ཙམ་བཙན་བཀའ་བཏང་ཡང་འདི་ལོ་བོད་ཀྱི་ལོ་གསར་སྲུང་བརྩི་བྱ་རྒྱུ་མིན་པའི་རྣམ་འགྱུར་ཤུགས་ཆེ་གསལ་སྟོན་གནང་བཞིན་ཡོད་པ་རེད།

དེ་ཡང་གོང་ཞུས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཚོང་ལས་གཉེར་བཞིན་པའི་རྒྱ་ཁ་ཆེའི་ཚོང་པ་འདིས་རོའུ་ཀྲར་གསར་འགོད་པར་གསུང་ན་དེ་སྔ་ཡིན་ན་བོད་མི་ཚོས་དངོས་ཟོག་ཉོ་བར་ཡོང་སྐབས་མཐུན་ལམ་ཡག་པོ་བྱེད་ཀྱི་ཡོད་པ་དང་ད་ཆ་དངོས་ཟོག་ཉོ་དགོས་ན་ཚོང་དང་འབྲེལ་བའི་སྐད་ཆ་མ་གཏོགས་གཞན་རྒྱུན་ལྡན་གྱི་སྐད་ཆ་ཤོད་རེས་ཀྱང་བྱེད་ཀྱི་མེད་པའི་གནས་སྟངས་ཤིག་ངོ་སྤྲོད་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎