རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་བརྟན་ལྷིང་ཐད་གྲོས་བསྡུར་བྱས་བ།


2015.08.03
རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་བོད་རིགས་འཐུས་མི་དང་མཇལ་འཕྲད་སྐབས། ༢༠༡༣།༣།༩ རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་བོད་རིགས་འཐུས་མི་དང་མཇལ་འཕྲད་སྐབས། ༢༠༡༣།༣།༩
པར་ཚགས།

རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོས་བོད་ནང་བརྟན་ལྷིང་དང་འབྲེལ་བའི་སྐོར་དམིགས་བསལ་གྲོས་བསྡུར་བྱས་ཡོད་འདུག
དེ་ཡང་སྤྱི་ཟླ་༧ཚེས༣༠ཉིན། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོས་བོད་ནང་བརྟན་ལྷིང་དང་འབྲེལ་བའི་སྐོར་དམིགས་བསལ་གྲོས་བསྡུར་བྱས་སྐབས། སྲིད་འཛིན་ཞེ་ཅིན་ཕེན་གྱིས་རྒྱལ་ཁབ་གཅིག་གྱུར་འགན་སྲུང་དང་། མི་རིགས་མཐུན་སྒྲིལ་སྲ་བརྟན་ཡོང་ཐབས་སུ་བོད་དོན་དང་འབྲེལ་བའི་ལས་དོན་དམིགས་ཀར་འཛིན་དགོས་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་མང་གི་བདེ་དོན་འགན་སྲུང་དང་ཡར་རྒྱས། དེ་བཞིན་གྲངས་ཉུང་མི་རིགས་ཁག་གོང་བུ་གཅིག་སྒྲིལ་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་རྒྱུར་འབད་བརྩོན་བྱེད་དགོས་སྐོར་གསུངས་ཡོད་འདུག ཚོགས་འདུའི་ནང་དོན་ཁག་འདི་ཚེས་༣༠ཉིན་རྒྱ་གར་གྱི་ཨེན་ཌི་ཊི་ཝི་(NDTV)བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་བྱུས་དམ་བསྒྲགས་ཆེ་རུ་བཏང་ཡོད་པའི་སྐབས་འདིར། རྒྱ་ནག་གི་དབུ་ཁྲིད་ཚོས་ཁ་ཁྲལ་རིང་ལུགས་པས་ཟིང་ཆ་མི་སློང་བའི་ཆེད་བོད་ནང་བརྟན་ལྷིང་ཡོང་ཐབས་སྐོར་ལ་གྲོས་མོལ་བྱས་ནས་ཏཱ་ལའི་བླ་མའི་ཡང་སྲིད་བསྐོ་བཞག་ཐད་རྒྱ་ནག་གཞུང་གི་བཀའ་འཁྲོལ་མེད་པར་ཡོང་ཐབས་བྲལ་བའི་སྐོར་ནན་བརྗོད་དང་སྦྲགས་འགྲན་རྩོད་རང་བཞིན་ལྡན་པའི་བཟོ་ལས་ཐོན་སྐྱེད་ནི། སྤྱི་ཚོགས་མཐུན་འབྲེལ་དང་འཚོ་གནས་ཡར་རྒྱས་ཡོང་བའི་དམིགས་འབེན་ཡིན་པར་མོས་མཐུན་བྱུང་ཡོད་འདུག
ཉེ་ལམ་ཨ་རིའི་ནིའུ་ཡོག་དུས་བབ་(New York Times)ཀྱིས། ༧གོང་ས་མཆོག་གི་སྐུའི་གྱ་སྟོན་དང་འབྲེལ་བཅར་འདྲི་ཞིག་ཞུས་སྐབས། ཡང་སྲིད་འཚོལ་དགོས་མིན་བཙན་བྱོལ་བོད་མི་དང་བོད་ནང་གི་བོད་མི་ཚོའི་བསམ་ཚུལ་བསྡུ་རུབ་དང་གོ་བསྡུར་བྱ་སྲིད་སྐོར་གསུངས་པ་ལུང་འདྲེན་གྱིས། ཉེ་སྔོན་ཚེས་༡༩ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས། དུས་རབས་མང་པོའི་རིང་གི་ཡང་སྲིད་འཚོལ་བའི་ལམ་ལུགས་རྙིང་བ་དེ་ཏཱ་ལའི་བླ་མ་སྐུ་སྒེར་གྱི་དོན་དག་ཅིག་ཡིན་ནའང་། ལོ་རྒྱུས་རང་བཞིན་ལྡན་པའི་ལམ་སྲོལ་ཁག་ནང་། རྒྱ་ནག་དབུས་གཞུང་ཡང་སྲིད་འཚོལ་ཞིབ་བྱ་རིམ་གྱི་གནད་འགག་ཅིག་ཡིན་པ་སོགས་བསྟན་ཡོད་སྟབས། རྒྱ་ནག་དབུས་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་གཏན་འབེབས་བྱེད་ཀྱི་ཡོད་ལ། དེ་ཡང་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་བདག་དབང་གཙང་མའི་རྩོད་གཞི་གཙོ་བོ་ཞིག་གི་བྱ་རིམ་ལ་གཙིགས་མཐོང་བྱས་པའི་སྐོར་བཀོད་ཡོད་འདུག

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎