རྒྱ་ནག་ཏུ་གུའུ་གལ་ཞེས་པའི་དྲ་རྒྱ་སྒོ་རྒྱབ་སྲིད་སྐོར།

གུའུ་གལ་ཞེས་པའི་ཨ་རིའི་ཨིན་དྲའི་དྲ་རྒྱའི་ཚོང་ལས་ཁང་གིས་རྒྱ་ནག་ནང་སྤེལ་བཞིན་པའི་རྒྱའི་སྐད་རིགས་ཐོག་གི་གུའུ་གལ་དྲ་རྒྱ་སྒོ་རྒྱབ་སྲིད།

2010.01.13

༄༅༎གུའུ་གལ་ཞེས་པའི་ཨིན་དྲའི་དྲ་རྒྱའི་ཚོང་ལས་ཁང་གིས་རྒྱ་ནག་ནང་ཨིན་དྲའི་དྲ་རྒྱ་བེད་སྤྱོད་བྱ་རྒྱུའི་ཐད་རྒྱ་ནག་གཞུང་གིས་བཏང་འཛིན་དང་ལྐོག་ལྟ་བྱེད་ཡས་ཀྱི་ཡོ་ཆས་བཙུགས་ཡས་སོགས་ཀྱི་ལས་འཆར་ལ་བརྟེན་ནས་ཚོང་དོན་ལས་ཁང་དེས་རྒྱ་ནག་ནང་སྤེལ་བཞིན་པའི་ཨིན་དྲའི་དྲ་རྒྱའི་ལས་དོན་མཇུག་སྒྲིལ་གྱིས་རྒྱ་ནག་ནང་སྤེལ་བཞིན་པའི་རྒྱའི་སྐད་རིགས་ཐོག་གི་གུའུ་གལ་དྲ་རྒྱ་སྒོ་རྒྱབ་སྲིད་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད་

གུའུ་གལ་དྲ་རྒྱའི་ཚོང་ལས་ཁང་གིས་བརྗོད་དོན་ལྟར་ན་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་དུ་རྒྱ་ནག་ནང་ཚོང་ལས་སྤེལ་བཞིན་པའི་གུའུ་གལ་དྲ་རྒྱ་བེད་སྤྱོད་བྱ་རྒྱུར་རྒྱ་ནག་གཞུང་ཕྱོགས་ཀྱིས་བརྟག་དཔྱད་དང་དེ་བཞིན་དམིགས་ཡུལ་ཡོད་པའི་ཐོག་ནས་དྲ་རྒྱར་གནོད་ཚབས་བཏང་བའི་གནས་ཚུལ་ཤེས་རྟོག་བྱུང་ཡོད་པ་དང་དེ་ཚོ་མང་ཆེ་བ་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྒྱ་ནག་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་ཚོའི་དྲ་རྒྱའི་ཐོག་གི་ཡིག་འགྲུལ་ཁ་བྱང་འཕྲུལ་ཆས་ལ་བརྟེན་ནས་ལྐོག་ལྟ་བྱེད་ཀྱི་ཡོད་པ་སོགས་གུའུ་གལ་དྲ་རྒྱའི་ཚོང་ལས་ཁང་གིས་མུ་མཐུད་ནས་རྒྱ་ནག་གཞུང་ཕྱོགས་ཀྱིས་དྲ་རྒྱའི་ཐོག་བརྟག་དཔྱད་དང་བཏང་འཛིན་བྱ་རྒྱུར་འདོད་མོས་མེད་སྟབས་   རྒྱ་ནག་ནང་ཚོང་ལས་སྤེལ་བཞིན་པའི་དྲ་རྒྱའི་ཚོང་ལས་ཕྱིར་འཐེན་བྱ་རྒྱུའི་དུས་ལ་སླེབས་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད་  གུའུ་གལ་དྲ་རྒྱའི་རྒྱ་ནག་ནང་གི་ཚོང་དོན་ལས་ཁང་སྒོ་རྒྱབ་སྲིད་པའི་གནས་ཚུལ་ཕྱིར་བཏོན་བྱུང་མ་ཐག་པེ་ཅིན་ནང་རྟེན་གཞི་བྱས་པའི་གུའུ་གལ་དྲ་རྒྱའི་ཚོང་དོན་ཡན་ལག་ལས་ཁང་མདུན་མི་མང་པོས་མེ་ཏོག་སོགས་འཁྱེར་ནས་གུའུ་གལ་དྲ་རྒྱའི་ཐག་གཅོད་དེར་རྒྱབ་སྐྱོར་གྱི་རྣམ་འགྱུར་བཏོན་ཡོད་པ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་ཀྱང་གུའུ་གལ་དྲ་རྒྱའི་ཚོང་ལས་ཁང་གིས་དྲ་རྒྱ་དེའི་ལས་དོན་ཐོག་བཏང་འཛིན་དང་གནོད་ཚབས་ཀྱི་ལས་དོན་སྤེལ་མཁན་ཡོད་པའི་བསྐྱོན་བརྗོད་དེའི་ཐོག་ནས་གནད་དོན་དེ་བཞིན་ཧ་ཅང་གི་ཉེན་ཚབས་དང་དོགས་ཟོན་བྱེད་དགོས་ཡས་ཤིག་ཡིན་པས་ཨ་རི་གཞུང་གིས་རྒྱ་ནག་གཞུང་ཕྱོགས་ནས་དེའི་ཐོག་འགྲེལ་བཤད་གསལ་པ་གནང་རྒྱུའི་ཐབས་ལམ་འཚོལ་བཞིན་ཡིན་ལུགས་གསུང་ཡོད་པ་རེད་ ཡིན་ནའི་ད་ལྟའི་ཆར་རྒྱ་ནག་གཞུང་གིས་གནད་དོན་དེའི་ཐོག་ལན་འདེབས་གང་ཡང་བྱས་མིན་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎