རྒྱ་ནག་གིས་བྱེད་ཐབས་འདྲ་མིན་སྤྱད་ནས་ཕྱིའི་རྒྱལ་ཁབ་ནང་གསང་མྱུལ་བྱེད་ཀྱི་འདུག


2019.02.06
ཞི་ཅིན་ཕིང་གིས་མི་རིགས་རིང་ལུགས་ཀྱི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱ་སྲིད་པ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང༌།
ཨེ་ཨེཕ་པི།

རྒྱ་ནག་གཞུང་གིས་བྱེད་ཐབས་འདྲ་མིན་སྤྱད་ནས་ཡོ་རོབ་ནང་གསང་མྱུལ་དང་བདེ་འཇགས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་འགྲོ་གི་ཡོད་འདུག
རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་མངོན་འདོད་དེ་ནུབ་ཕྱོགས་ཡུལ་གྲུ་ཁག་དུ་དར་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན་གསང་མྱུལ་དང་བདེ་འཇགས་ཀྱི་ལས་དོན་ཐོག་ལ་ཡང་ཡོ་རོབ་རྒྱལ་ཁབ་ཁག་ཏུ་བཙན་ཤུགས་ཆེ་རུ་འགྲོ་གི་ཡོད། ལྷག་པར་དུ་(Lithuania)་ནང་དུ་རྒྱ་ནག་གི་གསང་མྱུལ་གྱི་ལས་དོན་ཤུགས་ཆེ་རུ་ཕྱིན་ཡོད་པ་ཡུལ་དེའི་རྒྱལ་ཁབ་ཀྱི་བདེ་འཇགས་ལྷན་ཁང་གི་ལོ་འཁོར་བདེ་འཇགས་དང་འབྲེལ་བའི་སྙན་ཐོ་ནང་གསལ་ཡོད་པ་རེད།
རྒྱལ་ཁབ་བདེ་འཇགས་ཀྱི་སྙན་ཐོ་དེའི་ནང་རྒྱ་ནག་གི་གསང་མྱུལ་ལས་ཁུངས་ཁག་གཉིས་སྟེ་རྒྱ་ནག་རྒྱལ་ཁབ་བདེ་སྲུང་ལྷན་ཁང་དང་། རྒྱ་ནག་གི་དམག་དོན་གསང་མྱུལ་ཁང་གཉིས་ཀྱིས་ཡུལ་དེའི་ནང་གསང་མྱུལ་གྱི་ལས་དོན་སྤེལ་བཞིན་ཡོད་པ་བརྗོད་འདུག
དེ་ཡང་རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་དུ་ཕྱི་འབྲེལ་གྱི་མིང་ཐོག་དང་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་ཁུང་ཙི་ལྟེ་གནས་ཁང་། དེ་བཞིན་རྒྱ་ནག་གི་ཁེ་གཉེར་ལས་ཁང་དང་གསར་འགྱུར་ལས་ཁང་མ་ཟད། ཕྱི་སྡོད་རྒྱ་རིགས་སློབ་མ་ཚོ་བཅས་བརྒྱུད་ནས་གསང་མྱུལ་གྱི་ལས་དོན་སྤེལ་གྱི་ཡོད་པ་ཡུལ་དེའི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་འདུག
(Lithuania)ཡུལ་དུ་གསང་མྱུལ་གྱི་ལས་དོན་དེ་བཞིན་རྒྱ་ནག་ནང་ཁུལ་གྱི་སྲིད་ཇུས་ལ་བརྟེན་ནས་བྱུང་བ་ཞིག་དང་། གཙོ་བོ་(Lithuania)ཡུལ་གྱིས་བོད་རང་བཙན་དང་། ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་ཡོང་རྒྱུ་དང་། རྒྱལ་སྤྱིའི་སྡིང་ཆའི་སྟེང་གནད་དོན་དེ་དག་ཐོག་གླེང་སློང་མ་ཡོང་བའི་ཐབས་ཤེས་གནང་གི་ཡོད་པ་རེད་ཅེས་བརྗོད་འདུག
དེ་མ་ཟད་(Lithuania)རྒྱལ་ཁབ་ལ་ཉེན་ཁ་ཡོང་རྒྱུའི་ཞིབ་འཇུག་སྙན་ཐོ་དེའི་ནང་རྒྱ་ནག་གིས་ཐབས་མཁས་སྣ་ཚོགས་ཀྱིས་ཡུལ་དེའི་འབྲེལ་ཡོད་མི་སྣ་བསླུ་ཁྲིད་གྱིས་གསང་མྱུལ་ལས་དོན་རྒྱ་བསྐྱེད་གཏོང་བཞིན་ཡོད་པ་བརྗོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎