དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའོ་གློད་འགྲོལ་དགོས་འདུན།

རྒྱ་ནག་ནང་གི་རང་དབང་གི་རྩོམ་བྲིས་པ་བཅུ་གྲངས་ཞིག་གིས་ལིའུ་ཤའོ་ཕུའོ་གློད་འགྲོལ་གཏོང་དགོས་པའི་སྐོར་ལ་གསལ་བསྒྲགས་ཞིག་སྤེལ་བ།

2009.06.26

༄༅༎རྒྱ་ནག་དམངས་གཙོ་ཅན་ཏུ་བཅོས་བསྒྱུར་ཡོང་ཐབས་ཐད་ཕྱག་ལས་གནང་མཁན་རྒྱ་མ་རིགས་རྩོམ་བྲིས་པ་ལིའུ་ཤའོ་ཕུའོ་ད་བར་རྒྱ་ནག་གཞུང་གིས་བཀག་ཉར་དོ་དམ་བྱས་པའི་རྗེས་རེས་གཟའ་མིག་དམར་ཉིན་འཛིན་བཟུང་བྱས་པའི་གསལ་བསྒྲགས་བྱས་པར་བརྟེན་ནས་རྒྱ་ནག་ནང་གི་རང་དབང་གི་རྩོམ་བྲིས་པ་བཅུ་གྲངས་ཞིག་གིས་ལིའུ་ཤའོ་ཕུའོ་གློད་འགྲོལ་གཏོང་དགོས་པའི་སྐོར་ལ་གསལ་བསྒྲགས་ཞིག་འགྲེམས་སྤེལ་བྱས་ཡོད་པ་རེད།

ལིའུ་ཤའོ་ཕུའོ་ནི་རྒྱ་ནག་དམར་པོའི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་མེད་པ་བཟོས་ཏེ་དམགས་གཙོ་ཅན་དུ་བསྒྱུར་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་།སྨྲ་བརྗོད་རང་དབང་སོགས་ཀྱི་ཆེད་དུ་ན་ནིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཡིག་ཆ་ཟེར་བ་ཟིན་བྲིས་སྐྱོན་པ་མ་ཟད་རྩོམ་བྲིས་པ་དང་ཁྲིམས་རྩོད་པ།ཞིང་པ་དང་བཟོ་པ་སོགས་ལས་རིགས་རྣམ་གྲངས་མི་འདྲ་བར་ཞུགས་མཁན་གྱི་མི་གྲངས་གསུམ་བརྒྱ་ལྷག་གི་མཉམ་དུ་རྩ་འཛིན་ཡིག་ཆ་དེར་ས་རྟགས་བརྒྱབ་པར་བརྟེན་ནས་ཕྱི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ཁོང་འཛིན་བཟུང་བྱས་ཏེ་ད་བར་ཟླ་བར་དྲུག་ལྷག་རིང་ནག་ཉེས་ཉེས་འཛུགས་གང་ཡང་མ་བྱས་པར་བཀག་ཉར་བྱས་པའི་རྗེས་ད་རེས་རེས་གཟའ་ལྷག་པའི་ཉིན་གཞི་ནས་ཉེན་རྟོག་པས་ཁོང་གི་བཟའ་ཟླར་ཡིག་ཐོག་ཏུ་བརྡ་ཁྱབ་ཞིག་སྤྲ་དེ་རེས་གཟའ་མིག་དམར་ནས་དངོས་སུ་འཛིན་བཟུང་བྱས་པའི་སྐོར་བཀོད་ཡོད་པ་རེད། དེར་བརྟེན་རྒྱ་ནག་ནང་གི་སྐད་གྲགས་ཆེ་བའི་ཆེད་ལས་པ་དང་རྩོམ་བྲིས་པ་ཁག་ཅིག་གིས་རྒྱ་ནག་གཞུང་ལ་ཁོང་གློད་བགྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱེད་པ་དང་དེ་རིང་རོའུ་ཀྲར་གསར་འགྱུར་ལས་ཁང་ལ་ལིའུ་ཤའོ་ཕུའོ་གློད་འགྲོལ་གཏོང་དགོས་པའི་སྙན་ཞུ་དེའི་འདྲ་བཤུས་ཞིག་ལག་སོན་བྱུང་བའི་ནང་ཁོང་ཚོའི་སྙན་ཞུ་དེའི་ཐོག་དུས་ཚོད་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་བཞི་ཟེར་འཁོད་ཡོད་པ་དང་སྙན་ཞུའི་ནང་དོན་ནི་ང་ཚོས་རྩོམ་བྲིས་མཁས་དབང་ལིའུ་ཤའོ་ཕུའོ་གློད་འགྲོལ་ཡོང་བའི་ཛ་དྲག་གི་འབོད་སྐུལ་ཞུ་གི་ཡོད།རྒྱ་ནག་གི་རྩ་ཁྲིམས་ནང་དུ་སྨྲ་བརྗོད་རང་དབང་དགོས་པའི་ཁས་ལེན་བྱས་ཡོད་ཅིང་ལིའུ་ཤའོ་ཕུའོ་ལ་ཁོང་གི་བསམ་ཚུལ་དང་ལྟ་བ་རང་དབང་གི་ཤོད་ཆོག་གི་མེད་པ་དེ་ནི་ང་ཚོ་ཚང་མར་སོ་སོའི་བསམ་ཚུལ་དང་ལྟ་བ་ཤོད་རྒྱུ་རང་དབང་མེད་པའི་གོ་དོན་མཚུངས་ཀྱི་ཡོད་པའི་སྐོར་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎