རྒྱ་ནག་གཞུང་གིས་ཁྲིམས་རྩོད་ལས་ཁང་ཞིག་སྒོ་རྒྱབ་དུ་བཅུག་པ།

རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་ཁྲིམས་རྩོད་གནང་མཁན་གྱི་ཁྲིམས་རྩོད་ལས་ཁང་དེ་བཞིན་སྒོ་རྒྱབ་དགོས་པའི་བཀའ་རྒྱ་བཏང་བ།

2009.02.20

༄༅༎རྒྱ་ནག་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་ཁྲིམས་རྩོད་གནང་མཁན་གྱི་ཁྲིམས་རྩོད་ལས་ཁང་དེ་བཞིན་རྒྱ་ནག་གཞུང་གིས་སྒོ་རྒྱབ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་ཁྲིམས་རྩོད་པས་འགྲེལ་བརྗོད་གནང་འདུག

པེ་ཅིང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་ངལ་རྩོལ་པའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐོག་ཁྲིམས་རྩོད་ཀྱི་ཐུགས་འགན་བཞེས་མཁན་དབྱི་ཏུང་ཁྲིམས་རྩོད་ཁང་ལ་རྒྱ་ནག་ཁྲིམས་དོན་ལས་ཁང་གིས་གཟའ་མིག་དམར་ཉིན་བརྡ་ཐོ་བཏང་ནས་དུས་ཡུན་ཟླ་བ་དྲུག་ནང་ཁྲིམས་རྩོད་ཁང་དེ་སྒོ་རྒྱབ་དགོས་པ་བརྗོད་པ་རེད། དེའི་སྐོར་ལ་ཁྲིམས་རྩོད་ལས་ཁང་དེའི་འགན་འཛིན་ལིའི་ཅུན་སུང་གིས་གསལ་བསྒྲགས་སྤེལ་ཡོད་པའི་ནང་རྒྱ་ནག་གཞུང་གིས་དབང་ཤུགས་བེད་སྤྱད་ནས་ཁྲིམས་རྩོད་ཁང་དེ་ཁྲིམས་མཐུན་མིན་ལུགས་ཀྱི་རྒྱུ་མཚན་ཐོག་ནས་སྒོ་རྒྱབ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་ཡིན་ནའང་ང་ཚོས་དམངས་གཙོའི་ལམ་ལུགས་དར་སྤེལ་གཏོང་ཐབས་སུ་མུ་མཐུད་ནས་འཐབ་རྩོད་བྱ་རྒྱུ་ལས་རྒྱ་ནག་གཞུང་གི་དབང་ཤུགས་འོག་མགོ་ནམ་ཡང་སྒུར་རྒྱུ་མིན་ཞེས་འཁོད་ཡོད་པ་རེད། གོང་ཞུས་ཁྲིམས་རྩོད་ཁང་དེ་སྒོ་རྒྱབ་དགོས་པའི་བཀའ་གཏོང་མཁན་གྱི་པེ་ཅིང་ཧའེ་ཏི་ཨན་ས་གནས་ཁྲིམས་གཞི་ལས་ཁང་ལ་ཕེ་རན་སི་གསར་འགྱུར་ལས་ཁང་གིས་དེའི་སྐོར་སྐད་ཆ་འདྲི་དུས་ཁྲིམས་གཞི་ལས་ཁང་དེའི་འབྲེལ་ཡོད་ཀྱིས་གནད་དོན་དེའི་ཐོག་ལན་འདེབས་བྱ་རྒྱུར་ཁས་ལེན་བྱས་མེད་པ་རེད། གོང་གསལ་དབྱི་ཏུང་ཞེས་པའི་ཁྲིམས་རྩོད་ལས་ཁང་དེས་ཉེ་བའི་ཆར་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལྦུའུ་ཅའ་སོགས་ཚུད་པའི་དམང་ས་གཙོ་དོན་གཉེར་བ་དང་ངལ་རྩོལ་པའི་ཐོབ་ཐང་རྩོད་མཁན་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་བཞིན་པ་ཚོར་ཁྲིམས་ཐོག་ནས་ཁྲིམས་རྩོད་རོགས་རམ་བྱེད་བཞིན་ཡིན་པ་རེད། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་ད་རེས་ཁྲིམས་རྩོད་ཁང་དེ་རྒྱ་ནག་གཞུང་ཕྱོགས་ནས་སྒོ་རྒྱབ་བཅུག་དགོས་དོན་གཙོ་བོ་ནི་ཉེ་ཆར་རྒྱ་ནག་ནང་ལས་རིགས་འདྲ་མིན་གྱིས་བཏོན་པའི་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཞེས་པའི་ཡིག་ཆའི་ཐོག་ཁྲིམས་རྩོད་ལས་ཁང་དེའི་ནག་ཕྱག་ལས་གནང་མཁན་གྱི་ཁྲིམས་རྩོད་པ་ཁག་ཅིག་གིས་ཀྱང་ས་རྟགས་བསྐྱོན་ཡོད་པའི་རྐྱེན་གྱིས་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎