བོད་དང་ཡུ་གུར་གྱི་འཐབ་རྩོད་པ་ཚོ་དམིཊ་འབེན་ལ་བླངས་བ།
2016.01.25
དེ་ཡང་དབྱིན་ཇིའི་computerཤེས་བྱའི་དུས་དེབ་(pcworld)ཅེས་པའི་དྲ་ཚིགས་ཐོག་ལ། དེང་སྐབས་རྒྱ་རིགས་དྲ་རྒྱ་གསང་ཉུལ་བ་ཚོས་བོད་རིགས་དང་། ཡུ་གུར་མི་རིགས་ཀྱི་ཁེ་དབང་རྩོད་ལེན་གནང་མཁན་ཚོ་དམིགས་འབེན་དུ་བཟུང་ཡོད་པ་གནས་ཚུལ་སྤེལ་ཡོད་པ་དང་།
སྤྱི་ཚེས༢༤ཉིན། ཨ་རིའི་Californiaམངའ་སྡེའི་དྲ་ལམ་བདེ་སྲུང་ལས་གཉེར་ཁང་(Palo Alto Network)གིས་ཟླ་བ་༧རིང་ཞིབ་འཇུག་བྱས་པའི་སྙན་ཐོའི་ནང་། རྒྱ་རིགས་དྲ་ཐོག་གསང་ཉུལ་ཚོགས་པ་ཞིག་གིས་འདས་པའི་ལོ་ངོ་གཅིག་རིང་བོད་དང་ཡུ་གུར་མི་རིགས་ཀྱི་ཁེ་དབང་དོན་གཉེར་བ་ཚོ་དམིགས་འབེན་དུ་བཟུང་སྟེ། དྲ་བའི་མིང་ལ་Scarlet Mimicཞེས་པ་ཞིག་སྤྱད་ནས་མི་སྒེར་གྱི་གནས་ཚུལ་མང་པོ་སྐུ་འཁྱེར་བྱེད་བཞིན་ཡོད་པའི་སྐོར་གསུངས་ཡོད་པ་རེད་།
དྲ་ལམ་བདེ་སྲུང་ལས་གཉེར་ཁང་དེའི་གསང་བའི་གནས་ཚུལ་རྟོག་ཞིབ་ཚན་པའི་འགན་འཛིན་Ryan Olson ཞུ་བས་། ང་ཚོས་ཤེས་རྟོགས་ཟིན་པའི་རྒྱ་རིགས་དྲ་ཐོག་གསང་ཉུལ་ཚོགས་པ་དེས་ཡུ་གུར་དང་བོད་མིའི་ཁེ་དབང་དོན་གཉེར་བ་དང་། རྒྱ་ནག་ནང་གི་ཁྲིམས་རྩོད་པ་ཚོ་དམིགས་འབེན་དུ་བཟུང་ཡོད་པ་དང་། དྲ་ཐོག་གསང་ཉུལ་བ་དེ་ཚོ་ཕན་ཚུན་འབྲེལ་བ་ཤུགས་ཆེན་པོ་ཡོད་པའི་ཁར་། ཁོ་ཚོ་ཚང་མ་ཚོགས་ཁག་གཅིག་གི་མི་ཡིན་ཞིང་། ཁོ་ཚོས་ཕན་ཚུན་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་སྟངས་ཀྱི་རྒྱུ་ཆ་མཁོ་སྤྲོད་བྱེད་ཀྱི་ཡོད་ལ་། ཁོ་ཚོས་གཞན་གྱི་དྲ་ཚིགས་དང་Computerནང་ལྐོག་ཏུ་འཛུལ་ནས་གནས་ཚུལ་རྐུ་འཁྱེར་བྱེད་པའི་ཡོ་བྱད་གཅིག་པ་གཅིག་རྐྱང་བཀོལ་སྤྱོད་བྱེད་པ་དང་། ཡོ་བྱད་དེ་དག་སྒྲིག་འཛུགས་གཅིག་གིས་མཁོ་སྤྲོད་བྱེད་ཀྱི་ཡོད་པ་ཧ་ཅང་གསལ་བོ་རེད་ཅེས་གསུངས་ཡོད་པ་རེད་།
ད་དུང་ཁོང་གིས་། ང་ཚོས་ཞིབ་འཇུག་བྱས་པ་ལྟར་ན། དྲ་ཐོག་གསང་ཉུལ་བ་མི་གཉིས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་བྱེད་ཁུལ་གྱིས་དོན་དུ་རྒྱ་ནག་གི་ཁེ་དབང་རྩོད་ལེན་པ་ཚོ་རྗེས་འདེད་གཏོང་གི་ཡོད་། ཁོ་ཚོས་མི་སྒེར་གྱི་དྲ་ཚིགས་དང་རྩིས་འཁོར་Computerནང་ལྐོག་འཛུལ་བྱས་ཏེ་གསང་བའི་ཡིག་ཆ་ཁག་ལ་ལྐོག་ལྟ་བྱེད་ཀྱི་འདུག་ཅེས་གསུངས་ཡོད་པ་རེད་།
དྲ་ལམ་བདེ་སྲུང་ལས་གཉེར་ཁང་དེས་མི་སྒེར་གྱི་དྲ་ཚིགས་དང་Computer ནང་ལྐོག་འཛུལ་དང་གནས་ཚུལ་རྐུ་འཁྱེར་བྱེད་མཁན་དྲ་ཐོག་གསང་ཉུལ་ཚོགས་པ་དེ་ཐད་ཀར་རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་མེད་ད་དུང་གསལ་ཁ་བྱུང་ཐུབ་མེད་ནའང་། ཁོ་ཚོས་དྲ་ལམ་བདེ་སྲུང་ལས་གཉེར་ཁང་གཞན་མང་པོའི་ཞིབ་འཇུག་ཡིག་ཆ་ཁག་གཞིར་བཟུང་ནས་རྒྱ་རིགས་དྲ་ཐོག་གསང་ཉུལ་ཚོགས་པ་དེར་བརྟག་དཔྱད་ཞིབ་འཇུག་གནང་བ་ཞིག་ཡིན་པ་རེད་།
གསར་འགོད་པ་ཉི་མ་གཡུ་སྒྲོན།