ཁྲེན་ཀོང་ཁྲེང་ཕྱི་རྒྱལ་དུ་སློབ་སྦྱོང་བསྐྱོད་ཆོག་ལུགས།

རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་ཁྲེན་ཀོང་ཁྲེང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་ཆོག་ལུགས་བརྗོད་ཡོད་འདུག

2012.05.04

༄༅༎མིག་གཉིས་ལོང་བ་ཡིན་པ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཁྲེན་ཀོང་ཁྲེང་གིས་ཕྱི་ཚེས་༣ཉིན་ཨ་རིའི་ནང་སྨན་བཅོས་སུ་བསྐྱོད་རྒྱུའི་འདུན་པ་ཡོད་ལུགས་གསར་འགྱུར་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་པའི་རྗེས་དེ་རིང་ཕྱི་ཚེས་༤ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་ཁྲེན་ཀོང་ཁྲེང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་བསྐྱོད་ཆོག་ལུགས་བརྗོད་ཡོད་འདུག
རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ལིའི་འོད་མིང་གིས་ཁྲེན་ཀོང་ཁྲེང་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་འགྲོ་འདོད་ཡོད་ཚེ་རྒྱ་ནག་གི་སྤྱི་འབངས་ཤིག་ཡིན་པའི་ཆ་ནས་རྒྱ་ནག་གི་མི་སེར་གཞན་དང་གཅིག་མཚུངས་ཀྱིས་ཁྲིམས་ལུགས་བཞིན་འབྲེལ་ཡོད་ལས་ཁང་བརྒྱུད་ནས་ལུགས་མཐུན་གྱི་འགྲོ་ལུགས་གཉེར་ནས་བསྐྱོད་ན་སྒྲིག་ལུགས་བརྗོད་ཡོད་པ་རེད་ ཕྱི་ཟླ་བཞི་པའི་ཚེས་༢༢ཉིན་ཁྲེན་ཀོང་ཁྲེང་གནས་སྡོད་བྱེད་ས་ཧྲན་ཏུང་ལིན་ཡིན་ས་གནས་རང་ཁྱིམ་བཟང་བཙོན་ནས་བྲོས་ཏེ་པེ་ཅིན་དུ་སླེབས་ནས་ཨ་རིའི་གཞུང་ཚབ་ཁང་དུ་ཉིན་གྲངས་དྲུག་བསྡད་པའི་རྗེས་ཕྱི་ཟླ་ལྔ་པའི་ཚེས་གསུམ་ཉིན་ཨ་རིའི་གཞུང་ཚབ་ནས་པེ་ཅིན་ཁྲའོ་ཡང་སྨན་ཁང་དུ་སྨན་བཅོས་སུ་བསྐྱོད་ཡོད་ཅིང་ དེའི་བར་རྒྱ་ནག་དང་ཨ་རིའི་དཔོན་རིགས་དབར་ཁྲེན་ཀོང་ཁྲེང་དང་ཁོང་གི་བཟའ་ཟླ་བུ་ཕྲུག་དབར་ཐུག་འཕྲད་བྱ་རྒྱུ་མ་ཟད་ཁོང་རྒྱ་ནག་གི་གྲོང་ཁྱེར་གང་རུང་ཞིག་གི་སློབ་གྲ་ཆེན་མོའི་ནང་སློབ་སྦྱོང་གི་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུར་རྒྱ་ནག་གཞུང་གིས་འགན་སྲུང་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་ཀྱང་ ཆུ་ཚོད་ག་ཤས་ཀྱི་རྗེས་ཁྲེན་ཀོང་ཁྲེང་གིས་ ཁོང་རང་དང་ནང་མི་ཚོའི་བདེ་འཇགས་ལ་སེམས་འཚབ་ཡོད་ལུགས་བརྗོད་ཏེ་  རྒྱ་ནག་ནས་ཁ་བྲལ་རྒྱུའི་འདོད་ཚུལ་བཏོན་ཡོད་པ་རེད་ དེ་རིང་གཟའ་པ་སངས་ཉིན་ཨ་རིའི་ཕྱི་འབྲེལ་དཔོན་རིགས་ཀྱིས་ཁྲེན་ཀོང་ཁྲེང་ཐུག་འཕྲད་བྱས་ཡོད་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་པ་དང་ དེ་དང་འབྲེལ་དེའི་གོང་ཙམ་དུ་ཁྲེན་ཀོང་ཁྲེང་གིས་ རྒྱ་ནག་དབུས་གཞུང་གིས་སྐུ་ཚབ་ཡིན་ཟེར་མཁན་གྱི་རྒྱ་ནག་གི་དཔོན་རིགས་ཤིག་སྨན་ཁང་དུ་ཁོང་ལ་ལྟ་བར་ཡོང་ནས་དཔོན་རིགས་དེས་ཁྲེན་ཀོང་ཁྲེང་གི་ཕ་ཡུལ་གྱི་གནས་ཚུལ་སྐད་ཆ་དྲིས་པ་དང་འབྲེལ་ ཁོང་གི་གནས་ཚུལ་ཐོག་བརྟག་དཔྱད་བྱ་རྒྱུ་ཡིན་ལུགས་བརྗོད་པའི་སྐོར་ཁྲེན་ཀོང་ཁྲེང་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་ཡོད་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎