དགུན་དུས་ངལ་སེལ་འགྲོ་གྲོན་གཏོང་དམིགས་ཀྱི་གསལ་བསྒྲགས།

རྒྱ་གཞུང་ནས་དགུན་དུས་གྲང་ངར་གྱི་རྐྱེན་པས་དཀའ་ངལ་སེལ་ཐབས་སུ་དམིགས་ནས་རྒྱ་མིའི་སྒོར་མོ་ཐེར་འབུམ་དྲུག་ཙམ་གྱི་འགྲོ་གྲོན།

2011.12.15

༄༅༎རྒྱ་ནག་གཞུང་ནས་དགུན་དུས་གྲང་ངར་གྱི་རྐྱེན་པས་དཀའ་ངལ་སེལ་ཐབས་སུ་དམིགས་ནས་རྒྱ་མིའི་སྒོར་མོ་ཐེར་འབུམ་དྲུག་ཙམ་གྱི་འགྲོ་གྲོན་གཏོང་རྒྱུའི་གྲ་སྒྲིག་བྱེད་ཡོད་པའི་གནས་ཚུལ་ཐོན་འདུག
ཤིན་ཧ་གསར་འགྱུར་ལས་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གི་འབྲེལ་ཡོད་དཔལ་འབྱོར་དང་། སྤྱི་མང་ལས་དོན་ཚན་པ་གཉིས་ནས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་། ལོ་འདིའི་དགུན་ཁའི་རིང་མང་ཚོགས་གྲང་ངར་ལས་སྐྱོབ་ཐབས་དང་། དཀའ་ངལ་སེལ་ཐབས་སུ་དམིགས་ནས་རྒྱ་མིའི་ཤོག་ལོར་ཐེར་འབུམ་དྲུག་ལྷག་ཙམ་འགྲོ་སོང་གཏོང་དམིགས་སུ་གྲ་སྒྲིག་བྱེད་རྒྱུ་ཡིན་པ་དང་། འགྲོ་གྲོན་དེ་དག་དུས་ཐོག་ས་གནས་ཁག་ལ་བགོས་འགྲེམས་དང་། ཤ་ཁུ་ཤ་ཐིམ་ལྟབུ་ཡོང་ཐབས་ཀྱི་ལས་དོན་ལའང་དོ་ནན་བྱེད་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད། སྤྱིར་བཏང་རྒྱ་ནག་ནང་། ནམ་དུས་འགྱུར་ལྡོག་འགྲོ་བ་དང་དུས་མཚུངས་སྐབས་རེ་ཐན་པ་དང་། ཆུ་ལོག། ས་ཡོམ། ས་རུད་སོགས་ཀྱི་དཀའ་ངལ་བསྟུད་མར་འཕྲད་ཀྱི་ཡོད་པ་ལྟར་ལོ་འདིའི་ནང་ལའང་དཀའ་ངལ་མང་དག་ཅིག་འཕྲད་ཡོད་པ་རེད། ཡང་གོང་ཞུས་གསལ་བསྒྲགས་དེའི་ནང་། དམིགས་ཀར་གྱི་འགྲོ་གྲོན་དེ་དག་མང་ཚོགས་དཀའ་ངལ་འཕྲད་པ་རྣམས་ལ་གྱོན་གོས་དང་། ཟ་འབྲུའི་རིགས། དེ་བཞིན་མེ་ཤིང་ཉོ་རྒྱུ་སོགས་ལ་ཕན་ཐོགས་ཡོང་བའི་རེ་བ་དང་དམིགས་ཡུལ་ཡིན་པའི་སྐོར་གསལ་བསྒྲགས་དེའི་ནང་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎