རྒྱ་ནག་ནང་ཁུལ་གྱི་ཕ་མས་བོད་ནང་ཨ་སྒོར་འབུམ་བཞི་ཡི་མ་དངུལ་བཞག་པ་ཡིན་ན་བུ་ཕྲུག་ལ་སློབ་ཆེན་གྱི་ས་མིག་གཅིག་སྤྲོད་རྒྱུ་ཡིན་འདུག

2024.04.03
རྒྱ་ནག་ནང་ཁུལ་གྱི་ཕ་མས་བོད་ནང་ཨ་སྒོར་འབུམ་བཞི་ཡི་མ་དངུལ་བཞག་པ་ཡིན་ན་བུ་ཕྲུག་ལ་སློབ་ཆེན་གྱི་ས་མིག་གཅིག་སྤྲོད་རྒྱུ་ཡིན་འདུག ཕོ་བྲང་པོ་ཏ་ལའི་མདུན་དུ་མཐོ་རིམ་སློབ་ཐོན་སྐབས་པར་རྒྱག་བཞིན་པ། ༢༠༢༡།༠༦།༠༡
Reuters

ཕྱིས་ཚེས་ ༢༢ ཉིན་རོས་ཡེ་ཌིར་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་གི་ས་ཁུལ་གཞན་དག་གི་མ་དངུལ་འཇོག་མཁན་འབོད་འགུག་ཆེད་དུ་། གལ་ཏེ་སློང་ཕྲུག་གི་ཕ་མས་མ་དངུལ་ཨ་སྒོར་འབུམ་བཞི་ཡི་མ་དངུལ་བཞག་པ་ཡིན་ན་བོད་ནང་གི་སློབ་ཆེན་སློབ་མའི་ས་མིག་ཅིག་སྤྲོད་རྒྱུ་བསྒྲགས་ཡོད་ལ། དེ་ནི་ས་གནས་རང་གི་སློབ་མའི་ཐོབ་སྐལ་འཕྲོག་པར་ཐེ་ཚོམ་བྱེད་བཞིན་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བརྒྱ་ཆའི་དགུ་བཅུ་བོད་རིགས་ཡིན་ཞིང་།རྒྱ་ནག་གི་སློབ་ཆེན་ཁག་ཏུ་རྒྱུགས་སྤྲོད་ཀྱི་སྐར་མ་དམའ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ལོ་རེའི་རྒྱ་ནག་རྒྱལ་ཡོངས་ཀྱི་སློབ་ཆེན་ལ་རྒྱུགས་སྤྲོད་འགྲན་རྩོད་ཁྲོད་སྐར་མ་གཞན་ལས་དམའ་བ་ཡོད་པས།དེ་ནི་གཞུང་ཞབས་ཀྱི་རྐུབ་སྟེགས་རེག་པར་རེ་བ་བྱེད་མཁན་སློབ་ཆེན་སློབ་མ་བརྒྱ་ཕྲག་མང་པོ་མཚོན་ན་གནད་འགག་ཅིག་ཡིན་འདུག དེ་བཞིན་གོང་ཞུས་གསལ་བབསྒྲགས་དེར་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་དུ་རྩོད་གླེང་ཡོང་གི་ཡོད་པ་དང་། ཁ་ཤས་ནས་དེ་ནི་ཞིང་གྲོང་གི་སློབ་མར་མཚོན་ན་འདྲ་མཉམ་མིན་ཚུལ་དང་ཡང་ཁ་ཤས་ནས་དེར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་འདུག ཡང་སྤྱི་ཚོགས་དྲ་ལམ་ཝེ་པོའི་སྟེང་མི་ཞིག་གིས་བོད་ནང་སྐྱེས་པའི་བུ་ཕྲུག་གི་སློབ་ཞུགས་གནས་སྟངས་ག་འདྲ་རེད་ཅེས་བྲིས་འདུག 

ལོ་རེའི་ཕྱི་ཟླ་དྲུག་པའི་སློབ་ཆེན་ལ་རྒྱུགས་སྤྲོད་དུས་ཚེས་སླེབས་ལ་ཉེ་བའི་སྐབས་མི་རྣམས་ནས་སེམས་ཁྲལ་ཇེ་ཆེར་འགྲོ་བཞིན་པ་དང་། རེས་གཟའ་ལྷག་པའི་ཉིན་རྒྱ་ནག་སློབ་གསོ་ལྷན་ཁང་གིས་བརྡ་ཐོ་སྤེལ་ནས་སློབ་ཆེན་རྒྱུགས་སྤྲོད་དུས་ཆེད་དུ་ཁྱིམ་གཞན་ལ་སྤོར་བའི་རྣམ་པ་དེར་རྡུང་རྡེག་དྲག་པོ་གཏོང་རྒྱུ་ཡིན་པ་བརྗོད་ཡོད་ཀྱང་།ཁ་ཤས་ཀྱིས་ཐབས་ལམ་འཚོལ་ནས་སློབ་མར་ཁེ་བཟང་རེག་ཐབས་བྱེད་བཞིན་པ་རེད། རོས་ཡེཌིར་གསར་སྤེལ་ཁང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་ལ་ཁ་པར་བཏང་ཡང་ལེན་མཁན་བྱུང་མི་འདུག

ཕྱི་ལོ་༢༠༢༣ལོའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སློབ་ཆེན་ལ་རྒྱུགས་སྤྲོད་སྐབས་སྐར་གྲངས་༣༠༠བླངས་ན་རྒྱ་ནག་ཁྱོན་ཡོངས་ཀྱི་སློབ་གྲྭ་ཆེན་མོ་༡༢༠༠ལྷག་གི་དངོས་གཞིའི་འཛིན་གྲྭར་འགྲོ་ཐུབ་པའི་གོ་སྐབས་ཡོད་འདུག དེ་དང་བསྡུར་ན་པེ་ཅིན་དུ་སློབ་ཆེན་ལ་རྒྱུགས་སྤྲོད་མཁན་ཚོས་སྐར་གྲངས་༤༤༨ལེན་དགོས་ཀྱི་ཡོད་པ་རེད། དེ་སྔ་རྒྱ་ནག་གི་སློབ་ཆེན་ཁག་གིས་སློབ་མ་བསྡུ་ལེན་དུས་སུ་གྲངས་ཉུང་མི་རིགས་ལ་དམིགས་བསལ་སྲིད་ཇུས་ལག་ལེན་བྱེད་བཞིན་འདུག དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་ཡར་རྒྱས་དལ་དུ་འགྲོ་བར་བརྟེན། ལས་ཀ་རེག་པའི་གོ་སྐབས་ཁག་པོ་ཡིན་པ་དང་། ན་ནིང་གི་ཕྱི་ཟླ་དྲུག་པར་ལོ་ན་༡༦ནས་༢༤བར་གྱི་ལས་ཀ་ཤོར་བའི་གནས་སྟངས་བརྒྱ་ཆའི་༢༡དང་ཚེགས་༣་བར་སླེབས་ཡོད་འདུག དེ་མིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྤྱིའི་ཐོན་སྐྱེད་ཡོང་འབབ་རྒྱ་ནག་གི་ཆེས་ཕྱུག་ཤོས་ཀྱི་ཀོང་ཏུང་ཆེན་གྱི་སྤྱིའི་ཐོན་སྐྱེད་ཡོང་འབབ་ཀྱི་བརྒྱ་ཆའི་གཉིས་ལས་ཟིན་གྱི་མེད་པ་རེད།

གསར་འགོད་པ། ལྕགས་མོ་འཚོ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎