རྒྱ་གཞུང་གི་དངོས་ཟོག་ཕྱིར་ཚོང་བྱེད་ཚད་མར་ཆག་ཡོད་པ།

རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་བྱེད་ཚད་དེ་ན་ནིང་གི་དུས་སྐབས་དང་བསྡུར་བ་ཡིན་ན་བརྒྱ་ཆ་གཉིས་ལས་བརྒལ་བ་མར་ཆག་ཡོད་པའི་གནས་ཚུལ།

2008.12.10

༄༅༎རྒྱ་ནག་གི་ཟླ་བཅུ་གཅིག་པའི་ནང་དངོས་ཟོག་ཕྱིར་ཚོང་བྱེད་ཚད་དེ་འདས་པའི་ལོ་བདུན་ཚུན་དང་བསྡུར་ན་ཐེངས་དང་པོ་མར་ཆག་ཡོད་པ་དང་འདི་ལོ་ཟླ་བཅུ་གཅིག་པའི་ནང་དངོས་ཟོག་ཕྱིར་ཚོང་བྱེད་པ་དེ་ན་ནིང་གི་དུས་སྐབས་དང་བསྡུར་བ་ཡིན་ན་བརྒྱ་ཆ་གཉིས་ལས་བརྒལ་བ་མར་ཆག་ཡོད་པ་དེ་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་གནད་དོན་གྱིས་རྒྱ་ནག་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པ་ཞིག་ཡིན་པ་རྒྱ་ནག་གཞུང་ནས་ཁས་ལེན་བྱས་ཡོད་པ་དང་དེ་བཞིན་རྒྱ་ནག་ནང་དངོས་ཟོག་ནང་འདྲེན་བྱེད་ཚད་དེའང་བརྒྱ་ཆ་བཅོ་བརྒྱད་མར་ཆག་པ་དེ་ནི་ཉོ་ཆ་རྒྱབ་མཁན་ཉུང་རུ་ཕྱིན་པ་ཞིག་ཡིན་པ་རེད།

རྒྱ་ནག་དང་གཙོ་བོའི་དངོས་ཟོག་ཚོང་རེས་བྱེད་པའི་ནང་ཡོ་རོབ་མནའ་འབྲེལ་ནི་རྒྱ་ནག་གི་དངོས་ཟོག་ཚོང་ཤག་ཆེ་ཤོས་དེ་ཡིན་པ་དང་དེའི་འོག་ཨ་རི་དང་ཇར་མན་ཡིན་པ་དང་རྒྱ་གར་ནི་རྒྱ་ནག་གི་ཚོང་ཤག་འབྲེལ་བའི་ནང་ཨང་བཅུ་པ་དེ་ཡིན་པ་དང་རྒྱ་ནག་གི་ཚོང་ཤག་ཆེ་ཤོས་གྲས་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པའི་རྐྱེན་གྱིས་རྒྱ་ནག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཏེ་རྒྱ་ནག་དབུས་ལྷོའི་བཟོ་ལས་ལྟེ་གནས་ཁུལ་དུ་བཟོ་གྲྭ་མང་པོ་སྒོ་བརྒྱབ་དགོས་པ་ཆགས་ཏེ་སྤྱི་ཚོགས་བདེ་འཇགས་མི་ཡོངས་རྒྱུར་སེམས་ཁྲལ་ཡོང་བཞིན་ཡོད་པ་དེ་རིང་བི་བི་སིའི་གསར་འགོད་པས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎