རྒྱ་ནག་གི་འབྲེལ་མཐུད་འགན་འཛིན་ཐའེ་ལྦན་དུ་ཕེབས་གཏན།

རྒྱ་ནག་གི་ཐའེ་ལྦན་འབྲེལ་མཐུད་འགན་འཛིན་གཙོ་བོ་ཁྲེན་ཡུན་ལིན་གྱིས་རིང་མིན་ཐའེ་ལྦན་དུ་ཕེབས་གཏན་འཁེལ་ཡོད་པའི་གནས་ཚུལ།

2008.10.27

༄༅༎རྒྱ་ནག་གི་ཐའེ་ལྦན་འབྲེལ་མཐུད་འགན་འཛིན་གཙོ་བོ་ཁྲེན་ཡུན་ལིན་གྱིས་རིང་མིན་ཐའེ་ལྦན་དུ་ཕེབས་གཏན་འཁེལ་ཡོད་པ་ལྟར་དེའི་སྔ་རོལ་ཐའེ་ལྦན་གཞུང་གི་ཆེས་མཐོའི་འགན་འཛིན་ཁོངས་ནས་རྒྱ་ནག་དང་འབྲེལ་འཐུད་གནང་མཁན་ལའེ་ཧྲིན་ཡོན་མཆོག་གིས་དེ་རིང་སྔ་དྲོ་རྒྱལ་ཡོངས་ལ་གསལ་བསྒྲགས་གནང་གསལ་ལྟར་ན་རྒྱ་ནག་གི་ཆེས་མཐོའི་སྐུ་ཚབ་མཉམ་དུ་ཡུལ་གཉིས་དབར་གྱི་འབྲེལ་བའི་ཐད་བཀའ་མོལ་ག་རེ་གནང་བ་ཡོངས་རྫོགས་ཕྱི་གསལ་ནང་གསལ་གནང་རྒྱུ་ཡིན་པས་མ་ཟད་ཐའེ་ལྦན་གྱི་མི་མང་ཚོའི་རང་ཐག་རང་གཅོད་ཀྱི་རང་དབང་ལ་ཉེན་ཁ་བཟོ་གི་མ་རེད་ཅེས་ཁས་ལེན་གནང་ཡོད་པ་རེད། རྒྱ་ནག་དང་འབྲེལ་འཐུད་གནང་མཁན་ལའེ་ཧྲིན་ཡོན་མཆོག་གིས་དེ་རིང་སྔ་དྲོ་རྒྱལ་ཡོངས་ལ་གསལ་བསྒྲགས་གནང་སྐབས་རྒྱ་ནག་དང་མཉམ་དུ་གྲོས་མཐུན་ག་འདྲ་ཞིག་བཞག་པ་ཡིན་ནའང་ངས་ཐའེ་ལྦན་གྱི་གྲོས་ཚོགས་ལ་སྙན་སེང་ཞུ་གི་ཡིན་པས་གྲོས་མཐུན་གྱི་ནང་དོན་ཡོངས་རྫོགས་དཀར་ཆ་ལྡན་པའི་ཉི་མའི་འོད་ཀྱི་འོག་ལ་གསལ་ཞིང་གསལ་བ་ཞིབ་འཇུག་གནང་ཐུབ་ཀྱི་རེད་ཅེས་གསལ་བཤད་གནང་ཡོད་པ་རེད། རྒྱ་ནག་དང་ཐའེ་ལྦན་དབར་གྱི་ཚོང་འབྲེལ་ཐེ་བས་གང་ཅིའི་འབྲེལ་བའི་ཐད་བཀའ་མོལ་གནང་རྒྱུའི་མཛད་འཆར་དེ་བཞིན་བདུན་ཕྲག་རྗེས་མའི་ནང་གནང་གཏན་འཁེལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎