ལེའུ་ཞོ་པོ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་གལ་ཆེ་བ་གསུངས་འདུག


2014.05.14
རྒྱ་རིགས་དང་དམངས་གཙོ་དོན་གཉེར་བ་ཚོས་ལེའུ་ཞོ་པོ་གློད་བཀྲོལ་ཡོང་བའི་ལས་འགུལ་སྤེལ་བཞིན་པ། ༢༠༡༠ རྒྱ་རིགས་དང་དམངས་གཙོ་དོན་གཉེར་བ་ཚོས་ལེའུ་ཞོ་པོ་གློད་བཀྲོལ་ཡོང་བའི་ལས་འགུལ་སྤེལ་བཞིན་པ། ༢༠༡༠
GG

༧གོང་ས་མཆོག་གིས་ད་ལྟ་རྒྱ་ནག་གི་དོ་དམ་བཙོན་འཇུག་འོག་ཡོད་པའི་རྒྱ་རིགས་ལེའུ་ཞོ་པོ་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེ་བ་གསུངས་འདུག
དེ་ཡང་སྤྱི་ཟླ༥པའི་ཚེས་༡༤ཉིན་IANSགསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་མིག་མར་ཉིན་༧གོང་ས་མཆོག་གིས་ཇར་མ་ནེའི་གྲོང་ཁྱེར་Frankfurtརུ་གསར་འགོད་པ་དང་མཇལ་བའི་སྐབས། ༧གོང་ས་མཆོག་གིས་ཉེ་ཆར་རྒྱ་ནག་ནང་གི་ཤེས་ཡོན་ཅན་ཚོས་རྒྱ་རིགས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མི་ ལེའུ་ཞོ་པོ་བཙོན་འོག་ནས་གློད་བཀྲོལ་ཐོབ་ཐབས་སུ་སྙན་ཞུ་རྒྱབ་ཡོད་པའི་གནས་ཚུལ་གསན་ཡོད་པ་དང། འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་Aung San SuuKyiའབར་མ་གཞུང་གི་དོ་དམ་བཀག་ཉར་འོག་ཡོད་སྐབས་རྒྱལ་སྤྱིའི་རྒྱབ་སྐྱོར་གནང་བའི་ཐོག་ནས་ཕན་ཐོགས་བྱུང་ཡོད་པ་བཞིན་ངའི་བསམ་པར་ལེའུ་ཞོ་པོ་ལ་ཡང་དེ་བཞིན་དུ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་ཡིན་པ་གསུངས་ཡོད་འདུག
ཡང་གསར་འགོད་པས་༧གོང་ས་མཆོག་ལ་ཇར་མན་མི་མང་གིས་བོད་མི་ཚོ་ལ་རོགས་པ་ག་རེ་བྱེད་ཐུབ་མིན་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས་བོད་ནང་དངོས་སུ་ཕེབས་ནས་ས་གནས་ཀྱི་གནས་སྟངས་དངོས་ལ་གཟིགས་ཞིབ་ཀྱིས་གནས་ཚུལ་ངོ་མ་ཇི་ཡིན་དེ་འཛམ་གླིང་མི་མང་གིས་ཧ་གོ་བ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་འདུག

གསར་འགོད་པ་ཚེ་དབང་ནོར་བུ།

2014-05-12

རྒྱ་ནག་ནང་མཐོ་རིམ་སྤྱི་ཚོགས་ཀྱིས་ལེའུ་ཞོ་པོ་བཙོན་ནས་གློད་བཀྲོལ་ཐོབ་ཐབས་ཀྱི་འབད་བརྩོན་བྱེད་བཞིན་ཡོད་འདུག
དེ་ཡང་རེའོ་ཊར་གསར་ལས་ཁང་གིས་ཚེས་༡༡ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་གྲས་སུ་དེ་སྔ་ཚོགས་པ་དེའི་ནང་བྱས་རྗེས་ཆེན་པོ་འཇོག་མཁན་དཔོན་རིགས་ཁག་གཅིག་གི་ཕྲུ་གུ་ཚོས། ནོར་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ ལེའུ་ཞོ་པོ་བཙོན་འཇུག་བྱས་པ་དེ་ཡིས་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་མིང་ངན་བཟོ་པའི་ཤུགས་ཆེན་པོ་ཡོང་གི་ཡོད་པའི་ངོས་འཛིན་བྱས་ཏེ། ཁོ་ཚོས་མངོན་གསལ་དོད་པོ་མེད་པོའི་ཐོག་ནས་རྒྱ་ནག་གཞུང་ལ་Liu Xiaoboགློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་མ་ཟད། ཁོ་ཚོའི་རེ་འདུན་ལ་རྒྱ་ནག་གཞུང་གིས་བསམ་ཤེས་བྱས་ཏེ་Liu Xiaoboབཙོན་འཇུག་གི་དུས་ཡུན་མ་གཙང་གོང་གློད་བཀྲོལ་ཐོབ་པའི་རེ་བ་བྱེད་ཀྱི་ཡོད་ཀྱི་ཡོད་པ་དང༌། ཡང་Liu Xiaobo གློད་འགྲོལ་ཐོབ་ཐབས་ཀྱི་འབད་བརྩོན་བྱེད་མཁན་དེ་དག་སུ་ཡིན་ད་ལྟ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱེད་འདོད་བྱེད་ཀྱི་མེད་པའི་གནས་ཚུལ་བཀོད་འདུག
སྐུ་ཞབས་Liu Xiaoboདེ་སྔ་ཕྱི་ལོ་༡༩༨༩ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་དང༌། དེ་རྗེས་ཕྱི་ལོ་༢༠༠༩ལོར་ཁོང་གིས་རྒྱ་ནག་ནང་དམངས་གཙོ་དགོས་པའི་དགོས་འདུན་སྟོན་པར། རྒྱ་ནག་གཞུང་གིས་ཁོང་གི་ཐོག་རྒྱལ་ཁབ་མགོ་རྟིང་སློག་ཐབས་ཀྱི་ངན་བྱུས་བཤམས་པའི་ཉེས་འཛུགས་བྱས་ཏེ། ལོ་བཅུ་གཅིག་གི་བཙོན་འཇུག་ཉེས་ཆད་བཏང་བ་དང༌། དེ་ནས་ཕྱི་ལོ་ ༢༠༡༠ ལོར་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ཡིན་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎